R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༢
[A:༥༨༢]ཞག་འགའ་ཁྱོལ། དེ་ནས་ཡང་ཇེ་ལོད་དུ་སོང་ནས་ས་གའི་དགེ་ཚར་བདེ་མཆོག་ནས་བསྙེན་བཀུར་གཟབས་པ་མཛད་པའི་ཐོ་རངས་སྐུ་ཞི་བར་གཤེགས་ཤིང༌། དར་ཙམ་ནས་སླར་ཡང་ཕེབས་ཏེ་གཟིམ་མལ་མ་ཡིན་པའི་བཞུགས་སྟན་ཞིག་ལ་རགས་ཙམ་འཁོད་གནང་གིས། སྔོན་དུ་རྗེ་རྡོ་རྗེ་འཆང་ནས་སྩལ་བའི་བྱིན་ཕྱེ་དང༌། རིང་བསྲེལ་རྒྱུ་མཚན་དང་བཅས་ཕུལ་བ་བཞེས་ཏེ་བདེ་བར་གཤེགས། དེའི་ཚེ་རྗེ་ཉིད་གསང་འདུས་ཚོགས་དབུར་ཕེབས་སྐབས་གསན་འཕྲལ་གང་ཅིའི་བཀའ་འདོམས་རྣམས་དང༌། བྱང་བུ་ལམ་སྟོན་སོགས་ཀྱིས་རྗེས་སུ་བཟུང་ནས། སྐུ་གདུང་རིན་པོ་ཆེ་ཟུང་ལ་ཚེ་ཆོག་དང་སྦྲགས་ཚེ་དབང་ཡང་སྩལ། དེ་སྐབས་གཞུང་སའི་སྐུ་རིམ་དོ་དམ་པར་མེས་སྲོང་རྗེས་དྲུང་ཡང་མཆིས་ཤིང༌། ཉེར་དྲུག་ནས་མགོན་མདོས་བསྐུལ་བར་མཛད་དུས་ནང་སོའི་ཨར་བརྡུང་གི་མུ་སྟེ་སྙེ་དྲུང་སོགས་ལ་འཚུབས་ཉམས་ཀྱིས་འཇིགས་སྣང་ཅི་ཡང་བྱུང་བ་དང༌། དེ་ཉིན་ཕྱེད་ཡོལ་ཙམ་ལ་བཙུན་མ་སོགས་འུལ་མི་རྣམས་བཟའ་བཏུང་ཐོག་འགའ་ཞིག་ཤར་ལྷོའི་གཡབ་སྟེང་ནས་གཞན་དུ་འགྲོ་འདོད་ཀྱིས་ཕོར་པ་བཟའ་བཏུང་གིས་གང་བཞིན་དུ་འགྲོ་མུར། ཤར་ལྷོའི་ཐད་དེ་ཡོམ་ཡོམ་བྱེད་པ་དང་མཉམ་དུ་གློ་བུར་རྡིབ་གཞོམ་གྱིས་ཤིན་ཏུ་ཡང་ཞིང༌། སྙིང་རྗེ་ལ་ཐུགས་ཐབས་ཀྱིས་དབེན་པ་ཞིག་བྱུང་བའི་རྐྱེན་གྱིས་ཐུགས་ཀྱང་འཁྲུགས་གཞི་ཤིན་ཏུ་ཆེ་བའི་བཀའ་སྩལ་དང༌། བཀའ་ལན། ཐུགས་གསོ་སོགས་སོ་སོ་ནས་དགོངས་དབྱིངས་དྭངས་པའི་རིམ་པ་རྣམས་ཅི་ཡང་ཞིག་ཕུལ་མཐར། ས་རྡོའི་ཁྲོད་དང༌། དེའི་སྐྱོན་གྱིས་རྐྱེན་ལམ་དུ་སོང་བ་རྣམས་ལ་ཐུགས་ལྷག་པར་ཡང་བརྩེ་བས་རྗེས་སུ་འཛིན་པའི་ཞལ་བཞེས་དང་བཅས། དེ་རྣམས་ལ་བྱང་བུུ་ལམ་སྟོན་འཕྲལ་གནང་དང༌། དེ་ནས་བཟུང་ནར་མར་ཞལ་འདོན་གྱི་སྐྱབས་འོག་ཏུ་ཆུད་ཅིང༌། ཐུགས་སྨོན་གྱི་མཚམས་སྦྱོར་དང༌། གཞན་ཡང་མང་ཇ་སོགས་དགེ་རྩ་རྒྱ་ཆེ། ནད་པ་རྣམས་ལ་