R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༡༤
[A:༦༡༤]དུས་གསུམ་སྒྲིབ་མེད་དུ་གཟིགས་པ་ཟེར་བ་དེ་འདི་འདྲའི་རིགས་ལ་གསུང་ངམ་སྙམ། གཞན་ཡང་ཟླ་ནང་དེར་ས་ངོར་སྡེ་གསུམ་གྱི་སྐུ་གེགས་སེལ་ཕྱིར་ཆོས་སྲུང་རྒྱ་མཚོར་ཕྲིན་འཆོལ་ལ་ཐུགས་གཞོལ་བ་དང༌། གོང་གི་གསེར་ཁྲི་རིན་པོ་ཆེའི་ཤིང་བརྐོས་ཡོངས་རྫོགས་གྲུབ་ནས། སྔོན་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་གྱི་ཟླ་བའི་ཉེར་དྲུག་སྔོན་མས་ནང་འཕྲད་ཐོག །རྗེ་ཉིད་ཀྱི་དབུ་སྐྱེས་ཀྱི་ཕོན་པོ་གསར་བར་བསྐྲུན་སྐབས། རྡོར་བྲག་པདྨ་ཕྲིན་ལས་ཀྱི་རྣམ་ཐར་ཁ་བ་ལྗགས་ཀློག་མུར་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སྤྱད་དོ་གསུང་བ་དང་མཛོད་འཛིན་ནས་སྤྱད་བདར་ཕུལ་བ་དུས་འགྲིག་ཅིང༌། འོ་འཐུད་ཀྱང་བཞེས་མུ་དང༌། གློ་བུར་ཆར་ཟིམ་ཝ་ཆུ་འཐོན་ཙམ་ཉིལ་ནས། །དེ་འཕྲལ་ཉི་འོད་གསལ་བ་སོགས་རྟེན་འབྲེལ་དགེ་བའི་མཚན་མ་གཉིས་པ་དང༌། ལོ་དེའི་གྲོ་བཞིན་ཕུར་སྒྲུབ་རྗེ་རྡོ་རྗེ་འཆང་ཉིད་དང༌། འཇམ་མགོན་དབང་གི་མཚན་ཅན་འདི་ཉིད། ད་ལྟའི་མཁན་རིན་པོ་ཆེ་སྦྱིན་པ་བཀྲ་ཤིས་དང་གསུམ་ཞལ་རྒྱས་ཏེ། གནས་བཅུ་ལྷ་ཁང་དུ་ཕུར་ཆ་སོགས་ཁྱད་བྱང་ནས་བཞེས་ཏེ་མཛད། རྒྱུན་གྱི་ཕུར་ཆ་རྣམས་ལ་ཉམས་གསོ་རྩི་གསོལ་ཡང་ལེགས་པར་གནང༌། མ་འགྱངས་པར་ཨ་ལི་ཆོས་རྗེ་དཔོན་གཡོག་རྣམས་འབྱོར་ཞིང༌། གདན་ས་ནས་ཕེབས་མི་བླ་མ་ནས་གསུང་བརྟག་ཞུ་རྒྱུའི་ཐོ་རེངས་འོད་གསལ་དུ། ཨ་ལི་ཆོས་རྗེའི་བླ་མ་རྣམས་ལ་རྗེ་ཉིད་ནས་དུང་ཞིག་གནང་རྒྱུ་ཡིན་དགོངས་ཏེ། དུང་དངུལ་གཤོག་ལ་སྐྱོན་ཅུང་ཟད་ཡོད་པ་ཞིག་གཞི་ཐོག་ཕོ་བྲང་གི་རྩེ་ནས་རྗེ་ཉིད་ཀྱིས་འབུད་པར་མཛད་པས། དེའི་སྐད་ཀྱིས་ས་སྐྱའི་ལུང་པ་ཐམས་ཅད་གང་བ་དང༌། ཀུན་དགའ་སངས་རྒྱས་ཀྱི་ཡིན་ཟེར་བའི་མཆོད་མེ་ཤིན་ཏུ་གསལ་བ་ཞིག་མཆིས་པར། གཞན་གྱིས་གནོད་པ་བྱེད་འདུག་པས་རྗེ་ཉིད་ནས་ལེགས་པར་བཅོས་གནང་གིས་སླར་གསལ་པོ་ཡོང་བ་ཡོད་དགོངས་པ་འཁྲུངས་པའི་འབྲས་བུའང་ད་གཟོད་མངོན་དུ་