R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༠
[A:༦༢༠]སུ་འགྲོ་བ་སྩལ་ཞིང༌། གཞན་ཡང་སྐུ་ཚེ་དེ་ཉིད་དུ་རྣམ་འགྲེལ་ཚོགས་དབུར་ཕེབས་བཞེད་ཐུན་མོང་མ་ཡིན་པའི་སྒོ་ནས། གཞུང་ཡང་ཧ་ལམ་ཐུགས་ཀྱི་བང་མཛོད་དུ་ཞུགས་པར་གྱུར་ཀྱང་ནག་ཕྱོགས་མཐུ་བདོ་བའི་དབང་གིས་ཕྱག་ཏུ་སོན་པར་མ་གྱུར་ཏོ། །དེ་དག་གི་དོན་བསྡུ་ན། བྱས་ཤེས་དྲིན་གཟོའི་མཁྱེན་རབ་དྭངས་པའི་མཁར། །རིག་སྟོང་གླིང་བུས་བསུས་པའི་ཆུ་འཛིན་ལས། །ཆོས་སྦྱིན་རྒྱས་པའི་བསྟན་བཅོས་ཚད་མའི་གཞུང༌། །ཇི་སྲིད་རྒྱུན་མི་ཆད་པའི་ཆར་ཟིམ་ཉིལ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་བདུན་དུ་ཕེབས་པ་ཤིང་ལུག་རྒྱལ་ཟླ་ནས་བཟུང༌། འཇམ་མགོན་སྐུ་མཆེད་ལ་ཟབ་རྒྱས་ཆོས་བཀའ་རྒྱ་ཆེར་གནང་རྒྱུའི་ཐོ་རེངས་འོད་གསལ་དུ། གསེར་ཆོས་གླེགས་བམ་ངོ་མཚར་ཅན་བཀའ་འགྱུར་གྲས་ཡིན་དགོངས་པ་ཞིག །དགེ་འདུན་གྱི་སྡེའི་དབུས་ན་བཞུགས་པའི་ཕྱེད་ཙམ་ན་ཤོག་རྟགས་ཤིག་འདུག་པས། འདི་ཡན་སྔར་ཕུལ་ཟིན། འདི་ནས་ད་འབུལ་དགོས་ཡོད་དགོངས་པ་ཞིག་འཁྲུངས་པ་ནི། ད་གཟོད་བརྟགས་ཚེ་ལྐོག་གྱུར་རྗེན་གསལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གོ །འདས་ལོའི་འཕྲོས་དང་དེ་ལོ་གསར་འཕྲལ་རྣམས་སུ་གཞུང་ཞབས་ནས་ཆིབས་ཟམ་ཡང་ཡང་གིས་རྒྱལ་ཚབ་མཆོག་སྐུ་ཅུང་ཟད་ལྟེམ་པའི་རིམ་གྲོ་སྤྱི་དང༌། བྱེ་བྲག་བསྐང་ཕྲིན་གནད་སྨིན་སོགས་མཛད་ཅིང༌། དེ་ནས་རིམ་བཞིན་ཞི་བ་ལྷར་ཕྱག་དཔེ་ཕོན་ཆེན་དགོས་ཚུལ། བསམ་ཡས་མཁན་པོ་སོགས་ཀྱི་སྐོར་བསེ་འབག་འདྲ་བ་ཞེས་ཐོག་མཐའ་བར་གསུམ། གུར་གར་སོགས་ཇི་གསུང་གི་ཐུགས་བྲེལ་རྣམས་དང༌། དབོ་ཟླའི་བཅུ་བཞིའི་ཐོ་རེངས། སྐུ་རིམ་ཆེན་མོའི་ཟོར་ལས་པ་རིན་ཆེན་ཡར་འཕེལ་གྱིས། མཆོད་ཞིང་བྱ་ཁྲ་མའི་ལམ་དང་མཉམ་པའི་ལྟས་ངན་སེམས་ཅན་རིང་མོ་ཞིག་དུམ་བུར་གཏུབས་པ་དང༌། ཡང་མི་ཞིག་གིའཕྲོས་ལས། རིན་ཆེན་ཡར་འཕེལ་ནས་ས་