[A:༦༣༠]དབང་ཆོས་སྐྱོང་བཟང་པོ་སྡེ་དགེར་ཕེབས་རྒྱུ་ལ། ཀྱེ་རྡོར་རྒྱུ་ལམ། ལམ་ཟབ་ཕྱི་མ། བླ་མ་རིན་འབྱུང༌། རྣམ་སྨེ་བྱབས་ཁྲུས་བཅས། བླ་མ་ཞི་ཁྲོ། རིག་བྱེད་རྗེས་གནང་ཐུན་མོང་མ་ཡིན་པ། ཚོགས་བདག་ཁྱད་པར་བ། འདོད་རྒྱལ་ཐུན་མོང་བ་རྗེས་གནང་ལུང་བཅས། རྗེ་ཉིད་ཀྱི་ལྗགས་བསྒྲིགས་སྐོར། རིག་བྱེད་མའི་རྗེས་གནང་དང་དེའི་གསལ་བྱེད། རིག་བྱེད་སྔོན་མོ་དང་མགོན་པོའི་ཆར་འབེབས། གྲིབ་གླུད། ཤ་བརྒྱ་ཟན་བརྒྱ། གཏད་ཧྲུལ་ཟངས་གླིང་ཡིག་རྙིང་གསལ་བྱེད་བཅས་ཇག་ཆིང་དེ་བཞིན། སྲི་གནོན་རྣམས་ཀྱི་ལྗགས་ལུང་དང༌། ཕུར་པ་བླ་གསར་སྡེ་དགེར་འཐོན་རྒྱུའི་ཐུགས་བྲེལ། རིལ་སྒྲུབ་རྣམས་མཛད་མུའི་ཉེར་བརྒྱད་ཉིན་དྲུང་ཡིག་རྒྱལ་ཚེད་དུས་ལས་ཡོལ་འཕྲལ་ཟུར་འཆད་གྲུབ་དབང་དམ་པ་ནས་འཕོ་བ་མཛད་པས། སྤྱི་གཙུག་ནས་རྣམ་ཤེས་འཐོན་པའི་རྟགས་ངེས་གསལ་དང༌། རྗེ་ཉིད་ཀྱིས་བྱང་ཆོག་དང་རྗེས་བསྒྲུབ་རྣམས་བཀའ་གསང་གིས་འདོམས་པར་མཛད་ཅིང༌། དེ་ནས་སྔར་ནས་རྒྱུན་རིང་གནད་མུའི་ཚེ་ཆོག །རྣམ་རྒྱལ། ཞལ་དཀར་པོ་ཚེ་འཕེལ་རྗེས་གནང་སོགས་དང༌། བསྐང་གསོ་བརྒྱ་ཚར་སྐབས་གོང་གི་ཁལ་ཁ་རྣམས་འབྱོར་རྒྱུའི་གྲ་བསྒྲིག་གི་བཀའ་འདོམས་ཀྱང་སྩལ། སྣྲོན་ཟླའི་ཚེས་གཅིག་ལ་ཆོས་ཁྲི་ཆེན་མོ་རགས་ཙམ་གྲུབ་པའི་རབ་གནས་ཆིག་སྒྲུབ་རྗེ་ཉིད་ནས་སྩལ་བའི་ཚེ་ཕྱག་གཉེར་འགོ་བཟོ་སོགས་ལ་གནང་ཆ་དང༌། དབྱར་ཆོས་སྤྱི་པ་གཞིས་ལེན་ཐོག །འཇམ་དཔལ་རྡོ་རྗེ་ནོ་མིན་ཧན། རྒྱ་དཔོན་ཟུང་རྣམས་ནས་འཚམས་ཞུ་དང༌། སང་ཉིན་རྒྱུད་འདོན་གྲུབ་འཕྲལ་གདན་ཐོབ། སྡེར་ཐོབ་སོགས་གོ་རིམ་མ་འཆོལ་བར། འཇམ་དཔལ་རྡོ་རྗེ་ནོ་མིན་ཧ་ན། བས་སེ། ཁེ་པེ་གུང་སྲས་ངག་རྡོར། ཐུ་ཤེ་ཐུ་ཁལ་ཁའི་མི་སྣ། རྩེ་མགྲོན་ཆོས་དར། སྣེ་ཤན་