R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༣
[A:༦༣༣]དབྱངས་སྐུ་མཆེད་ཀྱིས་གསུང་བཤད་གནང་བ་ནས་བཟུང༌། འདི་ལོའི་བར་གདུང་བརྒྱུད་གསུང་བཤད་གནང་མཁན་མ་བྱུང་བས་རྗེ་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ནས་དེ་ལྟའི་རྒྱུན་བཟང་ནུབ་དོགས་ཐུགས་བསྐྱེད་རྨད་དུ་བྱུང་བ་གནང་བའི་ཚེ། སྤྱི་སྒོས་ནས་བསྙེན་བཀུར་ལེགས་སྐྱེས་མི་ཟད་ནམ་མཁའི་མཛོད་སྒོ་ཕྱེ་བ་ལྟ་བུ་དང༌། ཁྱད་པར་གོང་གི་ཁལ་ཁ་ནས་ཞབས་བརྟན་ལེགས་སྐྱེས་དང་བཅས་འདུས་ཚོགས་སུ་འགྱེད་ཀྱང་བསྟབས། སྤྱི་སྒྱུར་ཐོག་ལེགས་སོའི་མགུལ་དར་སྒྲོན་པ་སོགས་ལེགས་ལམ་ཕུལ་བྱུང་གི་མཛད་པ་རྣམས་གྲུབ་ནས། རིལ་སྒྲུབ་གཏང་རག །ལྷ་མོ་མཆོད་བཅས་དང༌། ཚེས་བཅུར་གུར་དྲག་རྒྱས་པ་དང་སྦྲགས་རྡོར་བྲག་རིག་འཛིན་ཆེན་པོའི་དགོངས་རྫོགས་དང༌། དེ་ནས་གོང་གི་ཁལ་ཁ་ལོཙྪ་བཅས་ལ། གུར་ལྷ་བཅུ་གཉིས་མའི་དབང་དང༌། ཐེག་ཆེན་རིན་པོ་ཆེ་དང་རྫོགས་པས་དེའི་སྒྲུབ་དཀྱིལ། ཐུབ་པ་དགོངས་གསལ་རྣམས་ཀྱི་ལྗགས་ལུང་སྩལ་རྗེས། ཟུར་འཆད་གྲུབ་དབང་ལ་བཀའ་འདོམས་བཞིན་ཁལ་ཁ་དེ་དག་ལ། ཀྱེ་རྡོར་རྒྱུ་ལམ། མཁའ་སྤྱོད་མ། ལྷ་བརྒྱད་ཐུན་མོང་བ་དང་ལྷ་བཅུ་གཉིས་ཐུན་མོང་མ་ཡིན་པ། དུད་སོལ་མ། པུ་ཏྲ། དམར་པོ་སྐོར་གསུམ། སེངྒེ་སྒྲ། ཁྲོ་བཅུ། དུར་བདག་རྣམས་ཀྱི་རྗེས་གནང་ཡིག་ལུང་བཅས་དང༌། སེང་སྒྲའི་ངག་བསྲུང་འགྲོལ། མགོན་པོད་མེ་འབར་མའི་ཐུན་མོང་མ་ཡིན་པ་བདུན་སྤངས་པའི་ཚང་མ། ཀྱེ་རྡོར་སྒྲུབ་དཀྱིལ། བྲག་རྫོང་མ། གཏོར་བསྔོ་ཆེན་མོ་རྣམས་ཀྱི་ལུང་ཡང་སྩོལ་བར་མཛད་དོ། །ཚེས་བཅུ་བཞིར་འཇམ་མགོན་དབང་སྡུད་སྙིང་པོ་ཉིད་སྡོམ་གསུམ་གཞུང་འདོན་ལ་ཐོག་མར་ཕེབས་ཐོག །ཁལ་ཁ་དེ་དག་གིས་དངུལ་གྱི་མཎྜལ་དང༌། བསྟན་པ་རྒྱས་པའི་ཐུགས་སྨོན་ཞུ་རྟེན་དངུལ་བྲེ་ཆེན་