R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༥
[A:༦༣༥]གདན་ས་ལ་སྔོན་དུས་གུང་ཐང་ན་ལ་རྩེའི་གནས་གསར་ཟེར་བ་དེ་ན་མལ་ལོའི་ཐུགས་དམ་མ་ཡིན་ཞེས། གཙང་ཉང་ཕྱོགས་ཀྱི་དགོན་པ་གླང་པ་གསེར་གླིང་གི་གྲྭ་པ་བྱམས་པ་ཡེ་ཤེས་ཀྱིས། གུང་ཐང་གནས་བསྐོར་འགུགས་ནས་ཤིང་རྟ་ཆུ་སྟོད་ནང་དཔལ་ས་སྐྱར་འབྱོར་དུས་ངེད་ལ་བྱིན་པ་དེས་དགེ་བསྐོས་ལ་གུར་གྱི་དབང་བསྐུར་དུས། སྐུའི་རྗེས་གནང་གི་རྟེན་བགྱིས་ཏེ་རྟེན་འབྲེལ་ཁྱད་ཁལ་ཁའི་ཐུ་ཤེ་ཡེ་ཐུ་རྒྱལ་པོ་ཚེ་བརྟན་རྡོ་རྗེར་མཆོད་རྟེན་དུ་ཕུལ་བ་ཡིན་པས། ཤིན་ཏུ་གཅེས་པའི་སྒོ་ནས་མཆོད་གཏོར་ལ་བརྩོན་ཞིང༌། དམ་ཚིག་བསྲུང་བསྡོམ་གྱིས་ཐུགས་ཚགས་མཛད་པས་ཇི་ལྟར་སྨོན་པའི་བཞེད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུང་པ་དང༌། གཞན་ཡང་སངས་རྒྱས་ཀྱི་འཕེལ་གདུང༌། བདུད་རྩིའི་སྐུ་པར། བྱིན་སྣེ་གསར་རྙིང་སོགས་མང་བ། སྲུང་བ་དང་ཕྱག་དཔེ་ཕོན་ཆེ་བ་བཅས་ལེགས་པར་སྩལ་ཏོ། །དེ་ལོ་རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ་ཞལ་རྒྱས་ནས་ཕུར་བསྙེན་བདུན་ཕྲག་གཅིག་སྦྱིན་སྲེགས་བཅས་གསུང་གནང༌། དེ་མཚམས་ནས་ཆོས་ཁྲི་རྟེན་བརྟེན་པ་བཅས་ཀྱང་ཧ་ལམ་ཚགས་སུ་ཚུད་སྐབས་དང༌། སྣྲོན་ཟླའི་ཉེར་དྲུག་ཉིན་འཆམས་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ་ངོ་མཚར་ཅན་འདི་གཉིས་གསར་བསྐྲུན་མཛད་རྒྱུའི་བཀའ་གསང་ལྷ་བཟོ་ཚུལ་ཁྲིམས་བཀྲ་ཤིས་ལ་གྲོལ་ནས་ཉེར་དགུར། སྐུ་རྒྱུ་བྱིན་སྣེ་ཁྱད་པར་ཅན་རྣམས་དང༌། རས་གོས་ནག་སོགས་ལ་བྱིན་རླབས་གནང་སྐབས་གློ་བུར་དུ། ཨ་ཙ་ར་བཞི་དགའ་ཉམས་དང་བཅས་འབྱོར་བའི་ནང་ཚན། བྷེ་ཏ་གྷེ་རི་ཟེར་བ་ཞིག་གིས་རྗེ་ཉིད་ལ་རཀྵའི་ཕྲེང་བ་ཕུལ་བ་སོགས་ལ་ཉེ་ཤིན་ཏུ་བཟང་བའི་དབུ་ཚུགས་ཤིང༌། དེ་རྣམས་ལ་ཡང་གསེར་གྱིས་མཚོན་མཁོ་དགུ་གྱ་ནོམ་