R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༣༨
[A:༦༣༨]ཏུ། །སྔོན་བྱུང་གཏམ་གྱིས་བསུས་ནས་སྦྱིན་མིན་ནམ། །སྲིད་གསུམ་དྲེགས་པའི་ཡང་རྗེའི་ངོ་མཚར་གཟུགས། །རྟེན་དང་བརྟེན་པར་བྱིན་རླབས་སྤྲོ་བསྡུའི་ཆར། །བསྟན་སྲིད་བླ་ནར་འཕགས་པའི་དགེ་མཚན་བཅས། །ལེགས་ལམ་རྨད་བྱུང་དར་བའི་དུས་སུ་སྨིན། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཞེ་དགུར་ཕེབས་པ་མེ་བྱ་རྒྱལ་ཟླའི་ཚེས་གཅིག་ཐོ་རེངས་རྩེར་ལྷ་བསངས་དང་བསྟུན་མཛོ་རའི་ནང་གསར་སྟེང་ནས། གོང་གི་ཇུས་དཀར་དར་ཆེན་སྣ་ལྔའི་སྒྲོན་བཅས་གཟིམ་དྲུང་གིས་དོ་དམ་པ་སངས་དུད་ཤིན་ཏུ་ཆེ་བ་དང་བཅས་ཡང་འཐེན། དེ་ནས་རྒྱལ་མཚན་འཛུགས་ཆོག་གོང་བཞིན་གྲུབ་ནས་རྒྱལ་པོ་ལོ་གསར་གྱི་དགའ་སྟོན་དང༌། རྗེ་ཉིད་ཀྱིས་དམར་པོ་སྐོར་གསུམ་གཏོར་སློད། དགེ་སྡིངས་མ་ཎི་བས་གཟིགས་འབུལ་ཐོག་དགའ་སྟོན་གྱི་ཡན་ལག་ཏུ་བྲོ་འཁྲབ་གྲས་གཞན་དག་བྱུང་ནའང་ཁྲི་ཕེབས་གྲུབ་ནས་འཁྲབ་ཆོག་པའི་བཀའ་འདོམས་དང༌། ལྷག་པར་རི་བོ་ཆེ་ནས་སྔོན་དུས་གཟིགས་འབུལ་ཞུ་མུ་ཞིག་ཡིན་ནའང༌། བར་སྐབས་སུ་རྐྱེན་འགའ་ཞིག་གིས་མ་བྱུང་བ་དེ་བཞིན་ཕྱིས་སུ་ཡང་ཡང་ཞུ་བ་འདི་དག་ཀྱང་རྗེ་ཉིད་ཀྱི་ཐུགས་རྗེར་འཁུམས་ཤིང༌། ལོ་སྔོན་མ་དང་དེ་ལོ་གཉིས་ཆར་ལ་རྒྱབ་རི་དཔོན་པོ་རིར་མཚན་ངན་བསྟུད་མར་བྱུང་བ་རྣམས་ཞི་ཕྱིར། རིན་ཆེན་སྒང་གི་ལྟག་ཏུ་འོད་ཟེར་ཅན་མའི་སྦྱིན་སྲེགས་སོགས་བཟློག་ཐབས་མང་དུ་མཛད། ཚེས་གཉིས་ལ་ནང་སོའི་རྟག་གཏོར་ཞལ་འབྱེད་ལ་ཕེབས་དུས་གཏོར་སྒམ་ཆེན་མོ་བཀོད་ལེགས་འགྲོ་ཡུལ་བཀས་འདོམས། ཚེས་གསུམ་ལ་དབུ་རྩེར་འཆམས་སྐུ་དྲེགས་པ་ཟིལ་གནོན་ལྕམ་དྲལ་དམ་ཡེ་དབྱེར་མེད་དུ་བྱིན་རླབས་དང་མཐུ་སྟོབས་ཀྱི་བདག་པོར་མངའ་གསོལ་མཛད། དེ་ནས་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་རྣམས་ཁྲི་འདོན་གནང་སྐབས་དུས་ཕྱིས། རིམ་བཞིན་ཇེ་རྒྱས་སུ་སོང་གྲས་དུས་མདོས་