R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༩
[A:༦༤༩]གི་འཁྲིད་ཀྱི་སྔོན་འགྲོར། རྗེ་བཙུན་རྡོ་རྗེ་བདག་མེད་མའི་རས་དཀྱིལ་དུ་དབང་བསྐུར་བ་དང༌། སིནྡྷཱུརའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་བཅས། ལྟ་བའི་སྐབས་སུ་དམ་ཚིག་དང༌། བསྐྱེད་རིམ་ཕྱི་ནང་སྐབས་སུ་སོ་སོའི་རྣམ་བཤད་རྣམས་དང་བཅས། དངོས་གཞིའི་འཁྲིད་རྒྱུད་གསུམ་སྙིང་པོའི་ལེགས་བཤད་ཇི་ལྟ་བ་བཞིན་དང༌། རྒྱབ་རྟེན་ལུང་ལ། རྗེ་བཙུན་གྱི་དཀར་ཆག་ནང་བཞིན་གླེགས་བམ་པོད་སེར་མ། རྒྱལ་ཚབ་དམ་པའི་དཀར་ཆག་ནང་བཞིན་པོད་དམར་མ། པོད་ནག་མ་ལ། རྣམ་ཐར་ངོ་མཚར་སྣང་བ། ལུས་དཀྱིལ་ཆོག །ལམ་ཟབ་བླ་མའི་རྣལ་འབྱོར། འཁྲིད་ཡིག་སྦས་དོན་གསལ་བ། གནད་བཅུ་གཅིག །གནད་དྲུག །དབང་པོ་རབ་འབྲིང་གསུམ་གྱིས་བཀྲི་བའི་འཁྲིད་རྣམས་གསལ་བྱེད་རྣམ་བཤད་མན་ངག་གི་མཛོད་རྣམས་དང༌། བསྐྱེད་རིམ་རྣམ་བཤད་གསང་སྔགས་མཛེས་རྒྱན། ཕྱི་དཀྱིལ་རྣམ་བཤད་བློ་གསལ་བདེ་འཇུག །ལུས་དཀྱིལ་རྣམ་བཤད་བདེ་ཆེན་བཅུད་སྙིང༌། ཡང་དེའི་རྣམ་བཤད་ཉུང་ངུས་རྣམ་གསལ། རྡོར་དྲིལ། བགྲང་ཕྲེང༌། དགང་བླུགས། བུམ་པ་རྣམས་ཀྱི་རྣམ་བཤད། དམ་ཚིག་རྡོ་རྗེའི་སྒྲུབ་ཐབས་སྡིག་སྒྲིབ་ཀུན་འཇོམས། གསུང་ངག་བྱུང་ཚུལ་དང་ཁོག་ཕུབ་ཀྱི་ཟིན་བྲིས་གསུང་ངག་བསྟན་པའི་པད་ཚལ་བཞད་པ། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་ག་དམ་པའི་བཞེད་སྲོལ། སློབ་མ་རྗེས་འཛིན་ཉམས་སུ་བླངས་བདེ། ཨཥྟ་སོགས་ཀྱི་བཟླས་ལུང་གོ་བདེར་བཀོད་པ། བདག་མེད་མའི་བྱིན་རླབས་བྱ་ཚུལ་ལེགས་བྱས་གཏམ་གྱི་བདུད་རྩི། དམ་ཚིག་རྣམ་བཤད་བག་ཡོད་གཏམ་གྱི་བདུད་རྩི། ལམ་དུས་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་དབྱེ་བདུད་རྩིའི་གཏམ་བཟང༌། སྣང་གསུམ་དང་རྒྱུད་གསུམ་སྙིང་པོའི་ལེགས་བཤད་རྣམས་ཀྱི་ལུང༌། ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས། ལམ་ཟབ་ཕྱི་མའི་བྱིན་རླབས་ཡིག་ལུང་བཅས་དང༌། རྒྱུན་གྱི་ཉམས་ལེན་གྱི་ཡི་གེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚིགས་བཅད་མ་དང༌། སྔགས་འཆང་ཆེན་པོས་མཛད་པ། ངོར་ཆེན་གྱི་བརྒྱུད་འདེབས་ཁ་སྐོང་བཅས་པའི་ལུང༌། བིར་བསྲུང་ཐུན་མོང་པ་ངོར་ཆེན་གྱིས་མཛད་པ་