R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༠
[A:༦༥༠]ཟུར་འདེབས་བཅས་དང༌། ཐར་རྩེ་པཎ་ཆེན་གྱི་ཡིག་ལུང་བཅས། རྗེས་གནང་སྐོར་ལ། རི་ཁྲོད་མ་སེར་མོ་ཆག་ལུགས། ཚེ་དཔག་མེད་དཀར་པོ། སེངྒེ་སྒྲ། བཅུ་གཅིག་ཞལ། གཉན་སྒྲོལ། རྣམ་འཇོམས་བ་རི་ལུགས། རྣམ་རྒྱལ་ལྷ་དགུ། གུར་ནས་གསུངས་པའི་འབྱུང་འདུལ། མི་གཡོ་བ་དཀར་སྔོན་རྣམས་དཀོན་མཆོག་ལྷུན་གྲུབ་ཡིག་སྟེང་ནས་ལུང་བཅས། ས་ལོའི་འཇམ་དབྱངས་དམར་སེར་ལུང་བཅས། སྒྲོལ་དཀར། གནས་བཅུ། གྲྭ་ཛམ་རྣམས་སྔགས་འཆང༌། སྤྱན་གཟིགས་སྐྱེར་སྒང་ལུགས། སེང་གདོང་སྔོན་པོ། །དམེ་བརྩེགས་ལྗང་ནག །སྨན་བླ་རྣམས་ཐར་རྩེ་པཎ་ཆེན། བཀའ་གདམས་ལྷ་བཞི། རྟ་མགྲིན་སྐྱེར་སྒང༌། མགོན་དཀར་རྣམས་ངག་ཆོས། སངས་ཕུན་ཕྱག་རྡོར་གཏུམ་པོ། །འཇམ་ནག་ཁྱུང་ཁྲ་རྨོར་ཆེན་ཡིག་ལུང་བཅས་དང༌། འཁོར་ལོ་བདེ་མཆོག་སྤྱོད་པའི་རྡོ་རྗེ་ལུགས་ཀྱི་རས་དཀྱིལ་དུ་དབང༌། རྣལ་འབྱོར་མའི་བྱིན་རླབས་བཅས་མཛད་ནས། འཇམ་དབྱངས་མཁྱེན་བརྩེའི་འཁྲིད་ཡིག །གོང་མ་ལྔ་པའི་འཆད་ཐབས་རྗེ་ཉིད་ཀྱི་ས་ཆེན་ཐུགས་ཐིག་གསུམ་གྱི་སྟེང་ནས་ཉམས་འཁྲིད་ཞལ་ཤེས་གསུམ། འཕོ་བ་ལེ་ཚན། ལུས་དཀྱིལ་དང་བཅས། རྒྱབ་བརྟེན་ལུང་ལ། བདེ་མཆོག་རྩ་རྒྱུད་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་རྗེ་ཉིད་ཀྱི་གསུང༌། མཁའ་སྤྱོད་བེའུ་བུམ་རྟགས་ཅན་ནང་ནས་ཨིནྡྲ་མཻཏྲི་གཉིས་ཀྱི་བྱིན་རླབས་བྱ་ཚུལ་ངག་ཆོས་ཀྱིས་མཛད་པ་མ་གཏོགས་ཚང་མའི་ལུང་དེས་མཛད་ཡིག་སྟེང་ནས་གུར་ཁྲོ་བཅུའི་རྗེས་གནང་ལུང་བཅས་སྔོན་འགྲོའི། རྡོ་རིང་པ་དང་མཁྱེན་བརྩེའི་འཁྲིད་ཡིག །ཞ་ལུ་པའི་འཆད་ཐབས་རྣམས་ཀྱི་སྟེང་ནས་རྡོ་རྗེ་བྲག་རྫོང་མའི་ཕྱི་ཁྲིད། ཁྱད་པར་ཐུན་མོང་མ་ཡིན་པའི་མན་ངག་ལྡེ་ཁར་གདགས་པ། དྲག་པོ་སྔགས་རྒོད་དང་བཅས་པའི་འཁྲིད་དང༌། ལུང་ལ། ཚར་ཆེན་གྱི་བརྒྱུད་འདེབས་དང་རྒྱུན་ཁྱེར། སྔགས་འཆང་གི་བསྲུང་འཁོར་བར་ཆད་ཀུན་སེལ། མགོན་པོའི་ཆོས་འབྱུང༌། རྡོ་རིང་པའི་དྲག་པོ་སྔགས་རྒོད་དང༌། སྔགས་པ་ནང་རྒྱས་སོགས་ཀྱི་ཡི་གེ །ངག་ཆོས་བྲག་རྫོང་མའི་ཁྲིད་ཡིག །ཕྱི་ནང་གི་བྲག་