R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༡
[A:༦༥༡]རྫོང་མའི་འཁྲིད་ཡིག་ལུང་རྣམས་དང༌། ཚེ་དཔག་མེད། མི་འཁྲུགས་པ། གསང་འདུས། ཀུན་རིག །ཕུར་པ་རྣམས་ཀྱི་དབང༌། གུར་ལྷ་བརྒྱད། ཞལ་བསྙེན་དུས། དུར་བདག་རྣམས་ཀྱི་རྗེས་གནང༌། གདུགས་དཀར། ཚེ་དཔག་མེད་ཀྱི་སྒྲུབ་དཀྱིལ། རྩ་བརྒྱུད་བརྟག་གཉིས། ལུས་དཀྱིལ། དབང་ཆུ། གཏོར་ཆོག་མཛེས་རྒྱན། ཀྱེ་རྡོར་བསྙེན་སྦྱིན་རྣམས་ཀྱི་ལུང་དང༌། ཚེ་དབང་གྲུབ་རྒྱལ་མ་རྣམས་ལེགས་པར་སྩལ་ཏོ། །ནག་ཟླའི་ཟླ་མཇུག་དར་ལྡིང་ནས་བོན་གསུམ་སྲིད་པའི་གཏོ་སྐུ་འཛུགས་པར་བྱུང་ཞིང༌། དེ་ལོ་ཚོམས་ཆེན་སྐོར་ལ་དཀར་གསལ་དང༌། གནམ་ཡངས་སོགས་ལ་ཞབས་ཏོག་རྒྱ་ཆེར་མཛད་ཅིང༌། དགེ་བསྙེན་མ་ཆོས་ཉི་བྱང་ཕྱོགས་སུ་གདན་འདྲེན་གྱིས་ཆབ་ཀླུ་སེངྒེ་སྒྲ་སོགས་ཡང་དག་གནང༌། སྣྲོན་ཟླའི་ཚེས་དགུ་ལ་གདན་ས་ཆེན་པོའི་དབྱར་ཆོས་ཀྱི་ཐོག །འཇམ་མགོན་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་འདི་ཉིད་ཀྱིས་ཚད་མ་རྣམ་འགྲེལ་ཐུགས་ཀྱི་བང་མཛོད་དུ་ཞུགས་ནས་ལེགས་བཤད་ཀྱི་དགའ་སྟོན་སྩོལ་བར་རྗེ་རྡོ་རྗེ་འཆང་གི་བཀས་བསྐུལ་ཞིང༌། གཞན་ཡང་དེ་སྔོན་དབུ་མ་རྩ་ཤེས་དང༌། སྡོམ་གསུམ་ཁ་སྐོང་སོགས་ལའང་གསུང་བཞེད་གནང༌། ཆུ་སྟོད་ཚེས་བཞི་ནས་བཟུང་འཇམ་མགོན་སྐུ་མཆེད་ལ་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་གནང་དུས་ཀྱི་ལ་ཉེ་རྣམས་རྗེ་ཉིད་ཀྱི་ཕྱག་བྲིས་འཕྲུལ་མེད་དུ་མཛད་པ་ལས་འདི་ལྟར་རོ། །ས་ཁྱི་ཟླ་ཚེས་༤ནས་བཟུང་ས་སྐྱ་པ་ཀུན་བློས་རིགས་ཀྱི་བུ་སྤུན་ལ་རྒྱལ་ཆེན་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་ཟབ་ཆོས་འགའ་ཞིག་འཆད་རྒྱུའི་དབུ་ཚུགས་ཉེའི་ཚེས༣་ཀྱི་ཉིན་སེ་འབྲས་དགེ་འདུན་པའི་གྲས། སོག་པོ་དགེ་སློང་བློ་བཟང་བཀྲ་ཤིས་གངས་རིར་འཁོར་ལོ་བདེ་མཆོག་གི་སྒྲུབ་པ་ལ་འབྱོན་འདོད་ཅན་ནས། དངུལ་ཕོར་ཆུང་ངུ་འབྲུ་བཟང་གིས་གང་བ་ཞིག་དང༌། མཛོད་བཏགས་དཀར་ཐུང་དྲི་མེད་ཞིག་བྱིན་ཞིང༌། ཚེས་༤ཀྱི་སེར་ཆེན་རྗེས་གནང་དྲག་པོའི་བཀའ་གཏད་བཅས་བགྱིད་རྒྱུའི་སྔ་དྲོ་བདེ་མཆོག་ནས། ལུག་ཤ་ཁོག་བཟང་ཞིག་བསྐྱལ་ཞིང༌། རྗེས་གནང་གྲུབ་འཕྲལ་འཆར་ཅན་གཞུངས་མཆོག་གི་དབྱར་མཇལ་བཀའ་ལན་རྣམས་འབྱོར་བ་དང༌། མཛོད་པར་