R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༥
[A:༦༥༥] བཀའ་གདམས་ལྷ་བཞི། རྣམ་འཇོམས། ཨུཙརྱ། གཏུམ་པོ། སྨེ་དུད། ལྗང་ནག །སྨེ་ནག །བཅུ་གཅིག་ཞལ་གཙོ་འཁོར་ལྔ། དེ་གཙོ་རྐྱང༌། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། དོན་ཞགས་ལྷ་ལྔ། གཉན་སྒྲོལ། རྟ་མགྲིན་ལྕགས་རལ། ཤྭ་ན་བཞི་བསྐོར། ཇོ་ལུགས་དབྱུག་ཐོག་ཅན། རི་ཁྲོད་མ། ཛམ་སེར་ནག་གཉིས། ཛམ་དཀར། ནོར་རྒྱུན་མ། འབྱུང་འདུལ་མེ་དབང་དང་བཅས་པའི་རྗེས་གནང་བཅས་ལས། བཅུ་གཅིག་ཞལ་གཙོ་འཁོར་ལྔ་དང༌། ཤྭ་ན་བཞི་བསྐོར། རི་ཁྲོད་མ། ནོར་རྒྱུན་མ་རྣམས་མ་གཏོགས་ལུང་བཅས། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལུང་བཅས། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང༌། རྣམ་ཐར། རྡོ་གླུ། བསྟོད་པ། ཚོགས་འཁོར་རྣམས་ཀྱི་ལུང་བཅས། རྡོ་རྗེ་ཕུར་པའི་སྟོད་ལས་དབང༌། དྲག་དམར་ཉང་ལུགས་ཀྱི་དབང༌། རྡོ་རྗེ་ཕྲེང་བའི་དབང་ཉིན་བཅོ་བརྒྱད་མའི་ལུགས་རྣམས་སྩལ་བ་སོགས་རྐང་གྲངས་ཙམ་དང་ཡིག་ཆ་ནི་འདིར་མ་སྤྲོས་སོ། །ལུང་གི་སྐོར་ལ། གདུང་རབས་ཆེན་མོ་དང༌། དེའི་ཞལ་སྐོང་དྲུག་པའི་ལོ་རྒྱུས་དེ་བཞིན་དང་བར། ཨེ་ཝཾ་ཆོས་ལྡན་གྱི་ཆོས་སྤྱོད་གླེགས་བམ་དང་པོ་ནས་བིརྺ་པའི་སྐུ་བསྟོད་གཉིས་དང་གོང་མ་ལྔ་བསྟོད། སྡེ་པར་ས་སྐྱ་བཀའ་འབུམ་པོད་ཀ་ཁ་གཉིས་ཡོངས་རྫོགས་རྗེ་ཉིད་ཀྱིས་གསན་ཡིག་བཞིན། བུ་སྟོན་ཆོས་འབྱུང༌། རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་མཛད་པ་འཁྲུལ་མེད་སྤྱོད་པའི་གཏེར། རྡོ་རྗེ་གཞོན་ནུའི་མངོན་རྟོགས་རྒྱས་པ་ཀླགས་པས་དོན་གྲུབ། དཀྱིལ་ཆོག་བློ་དམན་རྟོགས་སླ། གཏོར་ཆོག་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ་རྣམས་དང༌། རྗེ་ཉིད་ཀྱི་ལྗགས་བསྒྲིགས་སྐོར་ལ། ཚར་ལུགས་བླ་མ་གཙོ་བསྡུས་ལ་ཕྱག་འཚལ། རྡོ་རྗེ་ཕུར་པའི་མངོན་རྟོགས་བསྡུས་པ་ཞལ་སྐོང་ཅན། དྲག་དམར་གྱི་ཕྲིན་གཞུང་ཕྱག་ལེན་མཛེས་རྒྱན། ས་སྐྱ་པའི་གདུང་བརྒྱུད་རྣམས་དང་བན་ཚང་པའི་ཞལ་འདོན་གཙོ་བསྡུས། ཞབས་བརྟན་བདེན་ཚིག་རྣམས་དང༌། སྡོམ་གསུམ་བརྒྱུད་འདེབས་རྣམས་སྩོལ་བར་མཛད་ཅིང༌། དེའི་