R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༦
[A:༦༥༦]ཚེ་མཆོག་སྤྲུལ་རིན་པོ་ཆེར་བཀའ་གསང་ལྷུག་གྲོལ་གྱིས་འཇམ་མགོན་ས་སྐྱ་པཎྜི་ཏའི་ནང་རྟེན་ཐུབ་ཆེན་འཛམ་གླིང་གཡས་བཞག་གི་དྲུང་དུ་ལྷ་ཆེན་མཁན་རབས་ཉེར་ལྔ་པ་བྱམས་པ་ཆོས་བཀྲ་ཤིས་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས་པ་དང༌། རིང་མིན་ཆུ་སྟག་ལོར་ཡང་ཉིད་ཀྱི་བཀའ་བཞིན། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མས་ཀྱང་རབ་བྱུང་དེ་དྲུང་དུ་བཞེས་སོ། །དེ་མཚམས་ནས་བརྩེ་ཆེན་ལྷ་གང་སྟེང་གི་རྒྱ་ཕེབས་གསར་སྒྲོན་མཛད་པའི་ནང་རྟེན། འཕགས་མཆོག་ཁ་སརྤ་ཎི། འཇམ་དབྱངས། ཕྱག་རྡོར། སོ་འབྲང༌། རི་ཁྲོད་མ་རྣམས་སྨན་འདམ་ལས་བསྐྲུན་པའི་ནང་གཟུངས་རིངབསྲེལ་རྣམ་བཞིས་ཕྱུར་པོར་མཛད་དེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བསྟན་པ་དེ་འཛིན་དང་བཅས་པའི་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་ཞི་ཞིང༌། ཡུལ་ཕྱོགས་འདི་ལྟོས་བཅས་ཀྱི་མི་ནོར་ཕྱུགས་གསུམ་ལ་ནད་གདོན་གོད་རིགས་ཆག་ཆེ་ཉམ་ང་ཐམས་ཅད་དང༌། སད་སེར་བཙའ་མུ་གེའི་གནོད་པ་ཐམས་ཅད་ལས་བསྲུང་བའི་ཐུགས་སྨོན་འདོད་གསོལ་དང་བཅས་བསྐྲུན་པར་མཛད་ནས། ས་མཆོད་ཐོག་བརྩེ་ཆེན་ལྷ་ཁང་དུ་ཕུར་སྒྲུབ་དང་སྦྲགས་ཕུར་པའི་རབ་གནས་ཀྱི་མེ་ཏོག་འཐོར་བར་མཛད། སྟོན་ཆབ་སྐབས་མ་མོར་ཆབ་བདུགས་གནང་ཞིང༌། དེ་ནས་སྨིན་ཟླའི་བཅུ་གཅིག་ཉིན་ཕྱུག་པོ་དབུ་རྩེའི་ནེའུ་གསིང་དུ་ཤར་གཟིགས། རི་བྱ་སྡེར་མར་ལྷོ་གཟིགས། ཕྱག་འཚལ་སྒང་མཆོད་རྟེན་དུ་ནུབ་གཟིགས། གར་ཞིང་གསར་དུ་བྱང་གཟིགས་བཅས་ལྷོ་བྱང་ཆ་སྙོམས་ཏེ། བྱང་པས་ལྷ་བསངས་རྒྱས་པ་སྔོན་འགྲོའི་སྨེ་བརྩེགས། དེའི་གྲིབ་གླུད། བརྒྱ་བཞི་རྣམས་མཛད་པའི་གླུད་རྣམས་ཕྱོགས་བཞིར་བརྫངས་པར་གནང༌། ལྷོ་པས། གཏོར་མ་བརྒྱ་རྩ། འབྱུང་བཞི། ཆ་གསུམ། སོ་འབྲང༌། ཏོག་གཟུངས། གཙུག་ལག་མདོ་བཞི་རྣམས་ཀློག་འདོན། གནས་བརྟན་ཕྱག་མཆོད། བསམ་མྱུར་མ། སྒྲོལ་བཟློག་རྣམས་སྨིན་