R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༨
[A:༦༥༨] དེ་དུས་ཀྱང་རྒྱ་འདྲེའི་འཕྲུལ་གྱིས་རྟ་ནད་སོགས་སྣ་ཚོགས་མཆིས་པ་རྣམས། མ་ཧེར་བཞོན་པའི་རྒྱ་འདྲེའི་གླུད་གཟུགས་བརྫངས་ཆོག་གིས་ས་མཚམས་སྒྲོལ་བར་མཛད་དོ། །ཆུ་བྱ་རྟ་ཟླའི་ཚེས་གཅིག་ནས་བཟུང་རྗེ་རྡོ་རྗེ་འཆང་ཉིད་ནས་རྒྱུན་གྱི་ཕྱག་ཚ་མང་ཉུང་ཇི་ལྟར་རིགས་པ་ཉིན་ལྟར་འདེབས་པར་མཛད་པ་དང༌། སྐབས་འགར་བཤོལ་བ་བཅས་མཐའ་མ་ལྕགས་བྱི་རྒྱལ་ཟླའི་ཚེས་བདུན་བར་ལ་གནང་བ་ཡོངས་བསྡོམས་བརྒྱད་ཁྲི་དྲུག་སྟོང་ཞེ་ལྔ་བཀའ་དྲིན་བསྐྱངས་སོ། །དེ་ལོ་གསར་འཕྲལ་ཁམས་ཕྱོགས་ཀྱི་སྦྱོར་ངན་ལ་བརྟེན་གཡུལ་གཤོམ་ལ་ཉེ་དུས། ཉེས་མེད་སེམས་ཅན་དུ་མའི་སྲོག་སྐྱོབ་ཀྱི་ཆེད་དུ། ངན་སྦྱོར་དེ་དག་རང་ཞིར་འགྱུར་བའི་ཕྲིན་འཆོལ་དང་ཐུགས་བསྐྱེད་རྒྱ་གང་ཆེ་མཛད་པས་འབྲས་བུ་མངོན་གྱུར་དེ་བཞིན་དང༌། དེ་མཚམས་ནས་རྗེ་ཉིད་ལ་སྔར་གྱི་གློ་ཚད་དང་ཞབས་འབམ་གྱི་སྙུན་གཞི་ལྷན་འདོམས་ལྟ་བུའི་ཚུལ་བཞེས་དང༌། དབུས་ཕེབས་ལའང་ཉེ་བ་བཅས། རྟ་ཟླའི་ཚེས་གཅིག་ཉིན་གོང་གི་གསང་རྒྱའང་གྲོལ་ཞིང་གང་ཅིའི་དགའ་སྟོན་ལེགས་འབུལ་རིམ་བསྟར་དང་ཚེས་གསུམ་ཉིན་ཆོས་སྡེ་ལྷོར་ཚེ་ཆོག །མཎྜལ་བཞི་ཆོག །གཏོར་མ། འབྱུང་བཞི། ཆ་གསུམ། སཱཙྪ། བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས། ཐུབ་དབང་བྱམས་འཇམ་དབྱངས་ཀྱི་སྐུ་བསྟོད། གནས་བརྟན་ཕྱག་མཆོད། བསམ་མྱུར་མ། རྣམ་རྒྱལ་བསྟོད་པ། གཟུངས་རིང་ཚར་གསུམ། འདོད་གསོལ། རི་ཁྲོད་མ། སྣ་ཚོགས་ཡུམ་གཟུངས་ཕྲེང་འཁོར། སྒྲོལ་མ། མདོ་ཚར་གསུམ་སྔོན་འགྲོའི་བཟློག་པ་དགུ་ཚར། ཚེ་གཟུངས་ཉེར་གཅིག །བསྔོ་སྨོན་རྣམས་དང༌། འགྲུལ་ཕེབས་བན་ཚང་པ་རྣམས་ནས་གཟུངས་གསོ་དང་སྲི་གནོན་ཐུན་གཉིས། འདིར་བཞུགས་བན་ཚང་བསྙེན་སོང་རྣམས་ནས་ཕུར་བཟློག་མགོན་པོ་དྲུག་ཅུ་པ། འཇིགས་བྱེད་དྲུག་ཅུ་པ་རྣམས་མཛད་ཅིང༌། ཚེས་དྲུག་ནས་མགོན་ཁང་ཁག་བཞིར་ཕྲིན་འཆོལ་དུས་སྐྱེད་བསམ་གཉིས་ལ་སྙུན་གཞིའི་