R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༤
[A:༦༦༤]ཆེ་དང་ཞལ་རྒྱས། སྙེ་ཐང་བྲག་སྣ་འཕགས་སྡེར་ཀློང་རྡོལ་བླ་མ་སོགས་ལ་རྣམ་རྒྱལ་གྱི་རྗེས་གནང་དང༌། ཁྲོམ་དབང༌། བཀྲ་ཤིས་སྒང་དུ་བཞུགས་ནས་སང་ཉིན་སྟོད་ལུང་མདར་གསོལ་ཚ། གསོལ་ཚིགས་སྒང་དུ་དབུ་གུར་ཐབས་སུ་བཅས་སྔོན་འགྲོའི་རྩེ་མགྲོན་བྱིངས་བ་སོགས་རྩེ་དྲུང་བཅུ་སྐོར། ཁྲི་ཆེན་མཆོག་ནས་སྤོས་འཛིན་པ་སོགས་དང༌། བཀའ་ཤག་ནས་གཉེར་ཚང་པ་རྡོ་རྗེ་སོགས་སྐྱ་གྲས་ཀྱང་གོང་མཚུངས་ཙམ་ནས་ཆིབས་བསུ་ལྕང་ཅན་དུ་དབོ་ཟླའི་ཉེར་བཞིར་ཕེབས་པ་ནས། ལྷ་སར་ཟླ་བ་ཕྱེད་གཉིས་བཞུགས། གུང་དཔོན་གཡོག་སྡེ་དགེ་ལྕམ་ཟུང་སོགས་ལ་སྒྲོལ་དཀར་རྗེས་གནང༌། རྩེ་མགྲོན་བཀའ་བཅུ་ལུང་རིག །མཆོད་དཔོན་མཁན་པོ། །བཀའ་མགྲོན་བྱ་ཚང་བ་སོགས་སྒེར་མཇལ་གྲངས་མང་དང༌། དེ་ནས་རྗེ་ཉིད་སྟོད་ལུང་སྨན་ཆབ་ཏུ་ཚེས་ཉེར་དགུར་བྱོན་འཕྲལ་རྣམ་འཇོམས་ཁྲུས་བཅས་སྔོན་འགྲོའི་ཆབ་ཞུགས་མཛད་མ་ཐག་ནས་སྐུ་ཁམས་རིམ་དྭངས་ཡར་ཟླའི་རྗེས་འགྲོར་མཛད། ཆབ་ཞག་བདུན་གྱི་རིང་ལ་ཉིན་ལྟར་སེངྒེ་སྒྲ། ཆབ་ཀླུ། ལྷ་བསངས་རྣམས་གནས་དེས་མཚོན་སྣོད་བཅུད་ཀུན་ལ་ལེགས་ཚོགས་སྤེལ་བར་གནང་ནས། དགོན་ཆུ་བཟང་དུ་གྲུབ་རྒྱལ་མ་དང༌། བླ་མ་ཞི་ཁྲོ། ཕྱག་རྡོར་གཏུམ་པོའི་རྗེས་གནང་བཅས་དང༌། སྡིངས་དཀར་ཁྲོམ་དབང་རྣམ་སྲས་སེར་ཆེན། ལམ་འབྲས་ཀྱི་མགོན་རྐྱང༌། ཕྱག་རྡོར་གོས་སྔོན་ཅན་རྣམས་སོ་སོའི་རེ་སྐོང་དུ་སྩལ་ནས། དངོས་གྲུབ་སྡིངས་སུ་རབ་གནས་ལྷ་བསངས། ཁྲོམ་དབང་རྣམས་དང༌། ཁོང་ཚོས་བལ་པོ་ཨ་སུའི་ཐོད་པ་སོགས་བྱིན་རྟེན་གྲངས་མང་ཞིག་གཟིགས་ཕུལ། དེ་ནས་རང་རེའི་ཞལ་ངོ་རྣམས་དང༌། རྩེ་ཤོད་ཀྱི་མགྲོན་གཉེར་སོགས་ནས་ཆིབས་བསུས་ལྕང་ཅན་དུ་ཕེབས། ཚེས་བཅུར་འབྱོར་ཕྱག་དང༌། བཅུ་གཉིས་ལ་མཇལ་ཕྱག་དངོས་གཞི་དང་གོང་ས་མཆོག་ནས་ཚེ་བཀའ་དང་ཁྲི་ཆེན་ནས་ཕྱག་རྡོར་འཁོར་ཆེན་ཡང་གསན་ཅིང༌། གྲུ་འཛིན་དུ་ཕེབས་སྐབས་དེ་རིང་རྒན་བུས་