R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༦
[A:༦༦༦]ཆེ་ཕྲ་སྤྱི་སྒེར་ནས་མཇལ་ཕྱག་ལེགས་སྐྱེས་སོགས་ནི་བགྲང་བ་ལས་འདས་ཤིང༌། ཁོང་འགའ་ཞིག་ལ་རྣལ་འབྱོར་མའི་བྱིན་རླབས་དང༌། བདེ་མཆོག་ནག་པོ་པའི་དབང༌། རིག་བྱེད་མའི་རྗེས་གནང༌། ཚེ་དབང་སོགས་ཀྱིས་ཐུགས་འདོད་ཀྱི་རེ་བ་སྐོང་བར་མཛད། བཀའ་བློན་ཐོན་པས་གདན་འདྲེན་དུས་རྒྱ་ཨམ་པས་ཐོང་སི་མངགས་ཏེ་མཚམས་ཞུ་སོགས་ཀྱང་བསྟར། གཞན་ཡང་ཞུ་བ་པོ་སྣ་ཚོགས་ཀྱི་ངོར། ཁྲོ་བཅུ། སྒྲོལ་དཀར། སྒྲོལ་ལྗང་ལྗགས་ལུང་སོགས་དང༌། ཆེ་གཉན་དེ་རྣམས་ཀྱིས་ཐོག་དྲངས་རྣམ་པ་ཀུན་ཏུ་ཆོས་ཀྱི་གནད་གོ་བ་རྣམས་ལ་ཆོས་ཀྱི་དེ་ཉིད། ལས་བྱེད་སྣེ་མོ་བ་རྣམས་ལ་ལས་བྱེད་དེ་དང་མཐུན་པའི་གཏམ། ཚོང་པ་རྣམས་ལ་ཚོང་སོགས་གང་ལ་གང་འདུལ་གྱི་ཐབས་ལམ་བཟང་པོས་བསྟན་འགྲོའི་བདེ་སྐྱིད་སྤེལ་གནང་དང༌། བཀའ་རྩོམ་གནང་བ། ཐུགས་དམ་འོད་གསལ་དུ་འཁྲུངས་པ། ཕྱི་ནང་གསང་བའི་ལུང༌། གྲུབ་པའི་ས་ལ་ཞུགས་པའི་རྟགས་སོགས་མཐའ་ཡས་སོ། །ས་གའི་ཚེས་དགུར་ལྷ་ས་ནས་ཆིབས་ཁ་སྒྱུར་ཏེ། ཡེར་པར་གནས་གཟིགས་བཅོ་བརྒྱད་ཙམ་ཡོད་སྐད་ནས་ཕལ་ཆེར་ལ་ཞབས་བསྐྱོད། དེའི་ཚེ་དྲིལ་བུ་ཕུག་པར་ཀླུ་དབང་བསྲུངས་པའི་སྐུ་གསར་བསྐྲུན་མཛད་རྒྱུའི་བཀའ་གྲོལ། དེ་ནས་འབྲོམ་སྟོད་དུ་གསུང་བསྐང་སྨིན་རྒྱས་བཅས་བཞུགས། ནང་པ་མགར་གྲོང་པའི་ཐོག་ཁ་དང་གླང་ཐང་དུ་ཡང་ལྷ་བསངས། ཁྲོམ་དབང༌། ཕྱི་སྐོར་ལ་མེ་ཏོག །ན་ལེནྡྲར་བཞུགས་ཞག་དྲུག་དང་ཕུར་དབང་ཚར་གསུམ། དྲག་པོ་སྒྲོལ་དབང། ལམ་དབང༌། རྣམ་བིར་རྗེས་གནང༌། ཀྱེ་རྡོར་རྣམ་བཤད་གསང་སྔགས་མཛེས་རྒྱན་དང༌། ལྗགས་བསྒྲིགས་འོད་ཟེར་དྲི་མེད་ལྗགས་ལུང༌། གཟིམ་འོག་ཏུ་ཀྱེ་རྡོར་རབ་གནས་སྒྲུབ་གནང་གིས། ཕྱི་སྐོར་ལ་མེ་ཆར་ཉིལ་ཞིང༌། དེར་འཇམ་དབྱངས་དམར་སེར་རྗེས་གནང་དང༌། སྡོམ་གསུམ་རབ་དབྱེའི་ལྗགས་ལུང༌། གཟིམ་འོག་ཏུ་སྨེ་ནག་རྗེས་གནང་དང་རོང་སྟོན་གྱི་གསུང་འགའ་ཞིག་གི་ལྗགས་ལུང༌། དཔལ་ལྡན་རྩེར་