R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༠
[A:༦༧༠]བདེ་བའི་ཐུགས་བསྐྱེད་ཅན་དུ་བན་ཚང་པའི་འཁོར་ཚོགས་བཅས་ཀྱིས་མཛད་ནས་ཕེབས་ལམ་དུ་ཁྲོམ་དབང་དང༌། བྲག་ཁ་རྫོང་མདུན་དུ་བཞུགས། དེ་ནས་རྩེ་ཐང་འབྲས་གླིང་དུ་ལྷ་བསངས། ཁྲོ་བཅུའི་རྗེས་གནང་ཚར་གསུམ། ལྗགས་ལུང་ཕོན་ཆེན་ཁྲོམ་དབང་བཅས་དང༌། དགའ་ལྡན་བཀྲ་ཤིས་ཆོས་འཁོར་དང་ལྔ་མཆོད་ལའང་ཕེབས། བསམ་གཏན་གླིང་གི་ཀྱེ་རྡོར་བ་སྤུ་མ་སོགས་གཟིགས་ཏེ་ཁྲ་འབྲུག་ཏུ་སེངྒེ་སྒྲ། ཆབ་ཀླུ། ཀྱེ་རྡོར་རབ་གནས་ཞི་བའི་སྦྱིན་སྲེག་བཅས་དང༌། ཡུམ་བུ་བླ་མཁར་དུ་མཆོད་འབུལ་སོགས་མཛད་ནས། བཀྲ་ཤིས་ཆོས་སྡེར་ཞག་བཅུ་གཉིས་བཞུགས་ཤིང༌། ཀྱེ་རྡོར། བདེ་མཆོག །གསང་འདུས། ཕུར་པ། མགོན་པོ་རྣམས་ཀྱི་རབ་གནས། མགོན་པོའི་ཞི་བའི་སྦྱིན་སྲེག་བཅས་དང༌། ཀྱེ་རྡོར་དང་ཀུན་རིག་དབང་ཆ་བཞི་རེ། མགོན་ཁང་ཆེན་མོར་དུས་གཏོར། སྒྲོལ་དཀར། རྣམ་རྒྱལ། རྣམ་འཇོམས། འབྱུང་འདུལ། སེངྒེ་སྒྲ། སྨེ་ནག །སྒྲོལ་མ་ཉེར་གཅིག་རྣམས་ཀྱི་རྗེས་གནང་དང༌། ལུང་མཐའ་ཡས་པ། རྣམ་སྲས་ཁང་དུ་རྣམ་སྲས་ཀྱི་བསྐང་བ། སྐུ་བརྙན་རྣམས་ལ་ན་བཟའ་གསར་སྒྲོན་དང༌། འོན་རྒོད་ཚང་དུ་གནང་རྒྱུའི་སྐུ་རྣམས་ཕེབས་སྐྱེལ་བ་བཀས་འདོམས་པ་སོགས། བསྟེན་མཁས་ཀྱི་མཛད་སྒོ་རྣམས་གྲུབ་ནས་ཤེལ་བྲག་ཏུ་གུར་དྲག་དང༌། གནམ་གང་གི་དུས་གཏོར་མཛད་རྗེས་བཙན་ཐང་དུ་ལྷ་བསངས་རྒྱས་པ་དང༌། དེ་ནས་བྱེ་ཚོགས་སུ་ལྷ་བསངས་རྒྱས་པ། ལྕོག་ཏུ་གསུང་བསྐང༌། ཆོས་སྐྱོང་སྐུ་ཕེབས་ཐོག་ཞལ་ངོ་སོ་སོར་སྐུ་སྤྲུལ་པ་མཆོག་གི་ལུང་བསྟན་དང༌། དེར་ཀྱེ་རྡོར་རྒྱུ་དབང་ཆ་བཞི། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། རབ་གནས། ལྗགས་ལུང་སོགས་རྒྱ་ཆེར་སྩལ་ནས་སྨིན་གླིང་མཁན་རིན་པོ་ཆེས་ཆིབས་བསུས། སྨིན་གླིང་དུ་བདུན་ཕྲག་གཅིག་བཞུགས། མཁན་རིན་པོ་ཆེར་དགོངས་འདུས་སོགས་དབང་བྱིན་རླབས་ལུང་ཕོན་མི་ཆུང་ཙམ་གསན་ཅིང༌། ཕར་ཡང་བླ་མ་ཞི་ཁྲོའི་ཚེ་དབང་