R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༡
[A:༦༧༡]སོགས་སྩལ། དེར་ཚེས་བཅུའི་ཐོག་འདུས་ཚོགས་ཀྱི་དབུར་ཕེབས། འཆམས་གཟིགས་གནས་གཟིགས་སོགས་གྲུབ་ནས། བྱེ་ཚོགས་སུ་བྱོན་ཏེ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་གྲ་ཐང་དུ་རྡོ་རྗེ་ཕུར་པའི་སྦྱིན་སྲེགས་རྒྱས་པ་དང༌། གསང་འདུས་དང་ཀུན་རིག་གི་དབང་ཆ་ཁ་ཤས། མཁའ་སྤྱོད་མའི་བྱིན་རླབས། ཕྱག་རྡོར་ཁང་བརྩེགས་དང་ཞང་བློན་གྱི་རྗེས་གནང༌། སྒར་ཆེན་རིན་པོ་ཆེའི་གདན་ས་དཔལ་རབ་ཏུ་གསུང་བསྐང་གསོལ་འདེབས་སོགས་དང་ཉམས་གསོ་གསར་བསྐྲུན་གྱི་བཀའ་འདོམས། བྱམས་གླིང་དུ་ཀྱེ་རྡོར་རབ་གནས། གཞན་ཡང་ལྗགས་ལུང་ཕོན་ཆེན་ཁྲོམ་དབང་སོགས་སྩལ་ནས་གདུང་ཕུད་ཆོས་འཁོར་དུ་ཀྱེ་རྡོར་དབང་ཆ་དྲུག་དང༌། དེའི་རབ་གནས་ཞི་བའི་སྦྱིན་སྲེག་བཅས། མགོན་ཁང་གཏོར་སྤོད། གནས་བཅུ། ཕྱག་རྡོར་ཨུ་ཙརྱ། བཅུ་གཅིག་ཞལ། གང་བློ་མ། གུར་དྲག་དང་ཁྲོམ་དབང་སོགས་རེ་སྐོང་རྣམས་ཀྱིས་དུས་འདས་རྗེས། ར་བ་སྨད་དུ་བདེ་མཆོག་ནག་པོ་པ་དང༌། ཀུན་རིག་དབང་ཆ་བཞི། ལྕོག་ཏུ་ལྷ་བསང་རྒྱས་པ། འབྱུང་འདུལ། སྤྱན་གཟིགས་གཙོ་འཁོར་གསུམ། རི་ཁྲོད་མ། སྒྲོལ་དཀར། ཛམ་སེར་ནག་རྣམས་ཀྱི་རྗེས་གནང༌། ཆུ་འགྲམ་དུ་ཀྱེ་རྡོར་རབ་གནས་ཐོག་ཆུ་རགས་མགོ་མཇུག་ལ་མེ་ཆར་ཉིལ་བ། དུས་གཏོར་ཁྲོམ་དབང་སོགས་དང༌། དེ་ནས་རྣམ་རབ་ཏུ་ལྷ་བསང་རྒྱས་པ། ཀུན་རིག་དབང་ཆ་ལྔ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཚར་ལྔ་དང༌། སྤྱན་གཟིགས། སྒྲོལ་དཀར་རྗེས་གནང༌། ཀྱེ་རྡོར་རབ་གནས་སྦྱིན་སྲེག །རྒྱལ་པོ་རྣམ་གསུམ་སྐུ་ཕེབས། སྔར་གྱི་གཏོར་རྙིང་སྤོ་གནང་དང་ལྕོག་ཏུ་གསར་འཛུགས་ཤིག་ཀྱང་གནང༌། ཁྲོམ་དབང་སོགས་དང༌། རྔོག་བསོད་ནམས་བསྟན་འཛིན་གྱི་གདུང་རྟེན། དུད་སོལ་མ་བཅས་གནས་གཟིགས་དུས་དུད་སོལ་མའི་སྒོས་ཀྱི་གཏོར་ཆོག་ཀྱང་གནང་ཞིང༌། དེ་ནས་ཇོ་ཕུག་གནས་གཟིགས་དང་གོང་དཀར་རྡོ་རྗེ་གདན་དུ་ཞག་ཉེར་གཅིག་