R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༣
[A:༦༧༣]འཕྱང་ཐོག་འོད་གསལ་དུ་འཁྲུངས་སྐབས་འདི་ལྟར་གསུངས་ཏེ། ཁྲུམས་ཟླའི་ཉེར་བདུན་ལ་མགྱོགས་འཕྱང་ཐོག་འདོན་པ་བྱེད་མུར་ཤུལ་ལམ་བགྲོད་པས་གཉིད་གཟིར་རེ་བ་ཞིག་བྱུང་བར། རྨི་ལམ་དུ་བྱང་ཕྱོགས་ནས་བཙུན་མ་འདྲ་མོ་ཞིག་གིས། སྒ་འདྲའི་གཞི་བདག་བསྡད་མེད་པས་རེས་ཤིག་ལ་ཤོག་གསུང་པའི་ཡི་གེ་བྲི་རོགས་མཛོད། ཟེར་བར། ནུབ་ཕྱོགས་ནས་བུད་མེད་དར་ཡོལ་དཔྲལ་གཡུ་ཅན་ཁ་ཤིན་ཏུ་ཆེ་བ་གདངས་པ་ཞིག་ཐལ་མོ་སྦྱར་ནས་མགོ་གུག་གུག་བྱེད་པ་ཤར་བས། ཁྱེད་རང་གཞི་བདག་སུ་འདྲ་ཞིག་ཡིན་ནའང༌། སྒ་འདྲ་ཆུ་ཚན་དང་ངེད་ལ་ལས་འབྲེལ་ཡོད་པ་ཞིག་ནི་ཅིས་ཀྱང་ཡིན་འདུག་རྟགས། ལོ་ཁ་ཤས་ནས་ཚོམས་དཀྱིལ་ན་ཆུ་ཚན་ཡོད་པ་ཞིག་བདུགས་པ་རྨི་ལྟས་ཤར་བ་མངོན་སུམ་མྱོང་བ་ཡིན་འདུག །ཅེས་གསུངས་ཤིང༌། དེའི་ཀ་བ་ལྷོ་མ་བདག་འཛིན་མཛད། ཆ་བཞག་ལྔ་དང་དེར་ཡང་ལྷ་བསངས་རྒྱས་པ་དང༌། རྗེས་གནང་ཁ་ཤས་བསམ་མཁན་སོགས་ལ་སྩལ་ནས་ཟངས་ཁྲོད་དུ་བཞུགས། དེ་ནས་རི་བོ་བྲག་ཏུ་བཞུགས་དུས་ཁྲོམ་དབང་དང༌། སང་ཉིན་སྔ་བར་དགའ་ལྡན་རི་ཁྲོད་དང་གླིང་རྫོང་སོགས་བརྒྱུད། སྟག་ལུང་དུ་ཕུར་པའི་སྦྱིན་སྲེག །དཀར་བདུད་རྗེས་གནང་ཚར་བཞི། ཞལ་བསྙེན་དུས་དང༌། ཚེ་སྒྲུབ་ཁ་རག་པར་གནང་འཕྲལ་ཁོང་མིག་གསལ་དུ་སོང་བ་སོགས་བྱིན་རླབས་ཞུགས་རྟགས་གསལ་བར་བྱུང༌། གཞན་ཡང་ཀྱེ་རྡོར་རབ་གནས། ལྷ་བརྒྱད་དང་ཟངས་གྲི་ཅན་གྱི་རྗེས་གནང་ཚར་ཁ་ཤས། གྱིང་ལྔ་གཟའ་གདོང་དང་ཚེའི་རྫོང་ཆུང་སོགས་ཆོས་བཀའ་རྒྱ་ཆེར་སྩལ་ཞིང༌། རྫོང་ལྷ་དབང་རབ་བརྟན་གླིང་དང༌། གསང་སྔགས་ཆོས་འཁོར་གླིང་སོགས་ལའང་ཞབས་ཀྱིས་བཅགས་ནས། བསམ་སྡིངས་སུ་ཕེབས་ལམ་ཐོག་དུས་མཆོད་བླ་བྲང་པའི་གདུང་རབས་ལ་གསོལ་འདེབས་ཐུགས་ལ་གློ་བུར་དུ་ཤར་བ་དང༌། བསམ་སྡིངས་སུ་ཕེབས་འཕྲལ་རྗེ་བཙུན་སྐུ་ཞབས་ཀྱི་དཔེ་ཁྲོད་ནས་པོད་གཅིག་བཞེས་པ་གདུང་རབས་ཆེན་མོ་ཕྱག་ཐེབས་བཅས་མ་འོངས་པའི་ལ་ཉེའི་རྟེན་