R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༥
[A:༦༧༥]མང་དུ་མཛད་ཅིང༌། ལྷས་སྡིངས་སུ་རབ་གནས། ཞི་བའི་སྦྱིན་སྲེག །ཁྲོམ་དབང༌། ལྷ་བརྒྱད་རྗེས་གནང་སོགས་གནང་སྟེ་པ་ནམ་རྫོང་བརྒྱུད། དགའ་སྡོང་དགོན་པར་བཞུགས་ཏེ་གནས་གཟིགས་ཁྲོམ་དབང༌། ལྷ་བསངས་སོགས་གནང༌། དེ་ནས་ཡུལ་ལྷ་བའི་ནང་དུ་ཞབས་ཀྱིས་བཅགས་ནས། པད་ཚལ་དུ་རབ་གནས། ལྷ་བསངས། བྱད་འགྲོལ་སོགས་མང་དུ་མཛད་དེ་ཞ་ལུར་བྱོན། གླིང་བསྐོར་ལ་མེ་ཆར་ཉིལ་བ་ཚོགས་ཡོངས་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད། འཇམ་དབྱངས་དམར་སེར་དང་རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང༌། ལུང་སོགས་ཕོན་ཆེན་དང༌། གནས་གཟིགས་སོགས་དོན་ཡོད་ཀྱི་མཛད་སྒོ་རྣམས་ཚར་ཕྱིན་ནས། རི་སྦུག་བརྒྱུད། ལ་རྩེར་ལྷ་བསངས་བཅས་ངོར་དུ་བདུན་ཕྲག་གཅིག་བཞུགས་རིང་གསང་བའི་མགོན་ཁང་དུ་གསུང་བསྐང༌། ཚོགས་ཡོངས་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད། ཚེ་དཔག་མེད་སྤྲུལ་སྐུ། སྨན་བླ། གནས་བཅུ་སོགས་ཀྱི་རྗེས་གནང་དང༌། སྡོམ་གསུམ་ཁ་སྐོང་དང་ངོར་གདན་རབས་ལྗགས་ལུང༌། ཁྲོམ་དབང་རྣམས་དང༌། ཀླུ་སྡིངས་སུ་ཚེ་དཔག་མེད་སྤྲུལ་སྐུ། སྒྲོལ་དཀར། རྣམ་རྒྱལ་རྗེས་གནང་བཅས་དང༌། ཁང་གསར་དུ་བླ་མ་ཞི་ཁྲོ། ཐར་རྩེར་རབ་གནས་བླ་མཆོད་སོགས་མཐའ་ཡས་པའི་མཛད་སྒོ་རྣམས་ཚར་ཕྱིན་ནས། སྲེད་རྒོད་དུ་བཞུགས་ཏེ། ཀླུ་སྡིངས་སྐུ་གཤེགས་ཀྱི་དགོངས་རྫོགས་མཁའ་སྤྱོད་མའི་སྒྲུབ་མཆོད་མཛད་པ་ནས་བཟུང་ཞེ་དགུ་ནམ་རྫོགས་བར་དུ་བཀའ་དྲིན་ཆེ། དེ་ནས་དགེ་སྡིངས་སུ་ཁྲོམ་དབང༌། རབ་གནས། ལྷ་བསངས། ཌ་ཌིར་ཡང་ཁྲོམ་དབང་མ་གཏོགས་དེ་བཞིན། དེ་ནས་དམིགས་སུ་སྦྱིན་སྲེག་རབ་གནས། མཐའ་བསྐོར་དུ་མེ་ཆར་ཉིལ་བ་སོགས་དང༌། གྲ་ཚང་པར་བྱད་འགྲོལ། ཚེ་དབང༌། གནས་ཁང་ལ་ཕྱག་ནས། ལྷ་བསངས་བཅས་མཛད་ནས་བྱ་གཤོངས་སུ་བྱོན་ཏེ། དབང་ལུང་རྗེས་གནང་གནས་