R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༩
[A:༦༧༩] ཞེས་བསྟན་སྲུང་རྒྱ་མཚོར་བརྟག་ཞུ་མཛད་པས་བསྡུས་ན་ལེགས་པ་སྩལ་བ་བཞིན་དུ་མཛད་པ་དང༌། གཞན་ཡང་འབྲོང་རྩེ་ནས་ཞུས་པའི་ཀླུ་ནོར་གྱི་བུམ་པའང་མང་དུ་བསྒྲུབས་གནང་གིས་སྩལ་ཞིང༌། དེ་ནས་འཇམ་མགོན་ཞལ་རྣམ་པ་གཉིས་ཀྱིས་གཙོས་ཞལ་ངོ་བཞི་དང༌། ཡར་ཀླུངས་མཆོག་སྤྲུལ་རིན་པོ་ཆེ། ངོར་བླ་བྲང་ཁག་གི་ཞབས་དྲུང་རྣམས། བཅོ་བརྒྱད་སྐུ་མཆེད་སོགས་ས་ལུགས་བསྟན་འཛིན་དྲག་བསྡུས་རྣམས་གཙོར་སྨོས་གཞིས་བྱེས་ནས་དོན་གཉེར་ཅན་མང་དུ་འདུས་པའི་ཚོགས་ལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་སྔོན་དུ། རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམས་ནས་བསྟན་སྲུང་རྒྱ་མཚོར་ཕྲིན་འཆོལ་ཡང་དག་དང་བཅས་ཉི་མ་མེ་བཞིའི་འགྲུབ་སྦྱོར་ནས་དབུ་བཟུང༌། འཆི་མེད་རྔ་སྒྲ། དྲི་མེད་རྣམ་གཉིས། རིགས་གསུམ་སྤྱི། མི་འཁྲུགས་པ། གཟའ་ཡུམ། ཨ་ར་པ་ཙ་ན་ལྷ་ལྔ་རྣམས་ཀྱི་དབང་དང༌། ལུང་ལ་སྡེ་དགེའི་པར་ཕུད་གོང་འཕྲོས་ག་པ་ནས་དབུ་ཚུགས་པར་མཚམས་སུ་གང་འགྲོ། ཇོ་བོའི་ཆོས་འབྱུང་བརྒྱ་རྩ། རིན་སྤུངས་སྐོར་གསུམ། བཀའ་གདམས་སྐོར། དྲི་མེད་ལྷ་ལྔའི་ཆོག་ཁྲིགས་རིན་ཆེན་བསམ་འཕེལ། དྲི་མེད་ཆོ་གའི་ལག་ལེན་ཁྲིགས་ཆགས་མ། དྲི་མེད་རྣམ་གཉིས་ཆོ་ག་ཟུང་འབྲེལ། འོད་ཟེར་དྲི་མེད་དཀྱིལ་ཆོག་ལྷན་ཐབས་དབང་ཆོག་བཅས་མུན་སེལ་ཉིན་སྣང༌། དེའི་དཀྱིལ་ཆོག་གི་ཁ་སྐོང༌། དབང་ཆོག་བདུད་རྩིའི་ཆུ་རྒྱུན། དེའི་གཟུངས་ལས་གསུངས་པའི་མཆོད་རྟེན་སྲོག་ཤིང་འཛུགས་ཆོག །མཆོད་རྟེན་བཞེང་ཚུལ། ཐིག་རྩ། སྲོག་ཤིང་བརྟན་ཆོག་སོགས་ཆོས་ཆར་བར་མེད་དུ་བསྐོར་བའི་ཐོག །ནག་ཟླའི་ནང་ལྕང་ཅན་གུང་ནོར་བུ་ཕུན་ཚོགས་ནས་ཕ་དྲུག་ཁ་རྟར་རྣམ་རྒྱལ་སྐུ་འབུམ་གསར་བཞེང་མཛད་རྒྱུའི་ཕྱག་ལེན་པ་དེ་དུས་ཀྱི་དབུ་བྱེད་ཆེ་སར། སངས་རྒྱས་ཀྱི་འཕེལ་གདུང་དབང་པོའི་གྲངས་ལྡན་གྱིས་མཚོན་རིང་བསྲེལ་རྣམ་བཞིའི་གཟུངས། འདོད་གསོལ་སོགས་གང་ཅིའི་