R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༡
[A:༦༩༡]ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ང་ལྔར་བྱོན་པ་ཆུ་ཡོས་རྒྱལ་ཟླའི་ཚེས་གཉིས་ལ་གཉའ་ནང་གོ་ཐང་པས། བལ་ཡུལ་གྱི་གནས་ཚུལ་ལས་འཕྲོས་པའི་གསུང་བརྟག་གིས་ས་བོན་འབྱོར་རྒྱུའི་ཐོ་རེངས་འོད་གསལ་དུ། བུད་མེད་རྒན་མོ་ལུས་ཆས་འཆོར་ཅན་ཞིག་གིས་སྲང་དབར་ཞིག་ཏུ་བྱིས་པ་ཆུང་ངུ་ཞིག་བཞག་ནས། ཕར་ལོགས་ཐང་ཀ་ཞིག་བསྐྱོད་མོ་རང་གཞན་ཞིག་ལ་དབང་ཡོད་བྱེད་ལ་འགྲོ་རྒྱུའི་ཁུལ་ལ། བཙུན་མ་ཞིག་དང་འཕྲད་པས། བཙུན་མ་དེ་རྒན་མོ་དེར་འཛེམ་ནས་སོང་བ་དང༌། བྱིས་པ་ཐལ་ཕྱུར་བ་གསུམ་ནས་ཁྱི་ཕྲུག་སྐྱེས་བྱུང་ཚད་རྡོ་བརྡུང་བཏང་ནས་གསོད་རྒྱུ་ཡིན། ཟེར་བ་ཞིག་འཁྲུངས་པས། བལ་ཡུལ་ལ་ལྷོ་ནུབ་ནས་ཉི་མ་ཤར་བ་སྔ་མོ་ནས་འཁྲུངས་པའི་ལོ་རྒྱུས་དང་བཅས་ཞིབ་གསལ་དུ་སྩལ་ཞིང༌། ཟླ་མཇུག་ཞམ་འབྲིང་བ་རྣམས་ལ་བཀའ་འདོམས་ཀྱིས་གནས་བཅུའི་རྟེན་ཇི་སྙེད་པ་རྣམས་ལ་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་གྱི་ཆེད་དུ་དགོངས། རྔུལ་སྤྲུགས་དང་སྦྲགས་ན་བཟའ་གསར་སྒྲོན་དང༌། རྟ་ཟླའི་ཉར་མཆོད་འབུལ་རྒྱ་ཆེན། དགེ་འདུན་བསྙེན་བཀུར། ངན་སློང་སྦྱིན་གཏོང༌། བརྒྱད་སྟོང་པ་དང་ཀྱེ་རྡོར་སྒྲུབ་མཆོད། དྲི་མེད་བཤགས་རྒྱུད་མཚན་འདོན་རྣམས་དང༌། ཁྱད་པར་ཉམ་ཐག་ཕོངས་པའི་འགྲོ་བ་རྣམས་ཐུགས་རྗེའི་སྤྱན་རས་ཀྱིས་མ་བོར་ནས། ངན་སློང་སྦྱིན་གཏོང་ནི་སྔ་ཕྱི་ཀུན་ཏུ་གྲངས་མེད་རྣམས་བཀའ་གསང་གིས་འདོམས་ཤིང༌། ཟླ་བ་དེར་འཇམ་མགོན་དབང་གི་མཚན་ཅན་ཉིད་ཚེ་མཐའ་ཡས་པའི་ལྗགས་བསྙེན་ཟླ་གང་མའི་སྐབས་དང༌། རྗེ་རྡོ་རྗེ་འཆང་ཉིད་ལ་ལྟར་སྣང་ཙམ་དུ་ཞབས་འབམ་དང་ཆབ་བསགས་སོགས་མཐའ་མའི་སྙུང་གཞིའི་འགོ་ཟུག་པ་ནས་བཟུང༌། རིམ་གྱིས་སྐུ་ཁམས་ཇེ་ཞན་དུས་སྤྱི་སྒོས་མཐའ་དག་ནས་ཞབས་བརྟན་སྐུ་རིམ་རྒྱ་ཆེ་རྒྱུན་ཁྱོངས་མཛད་དང་མཛད་མུའི། ཟླ་སྐེད་ཙམ་ནས་རྗེ་ཉིད་ཀྱི་བཀའ་བཞིན་སཱཙྪ་འབུམ་ཐེར་གདབ་པ་བདེ་མཆོག་ཏུ་ཞབས་