R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༦
[A:༣༤༦]ནམས། ངག་གི་དབང་ཕྱུག །འཇམ་དཔལ་གྲགས་པ། སངས་རྒྱས་ཚེ་བརྟན་བཀྲ་ཤིས་ཏེ་སྐུ་མཆེད་རྣམ་བཞི་ལས་ཕྱི་མ་ཡབ་སོ་ལྔ་ཆུ་བྱིར་བལྟམས་ནས་ལྔ་བཅུ་ལྕགས་གླང་ལ་གཤེགས། དེས་མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་སྐུ་མཆེད་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་དུ་བྱོན་སྙམ། ཡར་འབྲོག་བུ་འདྲེན་སྐྱིད་ཁབ་ཏུ་བཞེས་པའི་སྲས་སྐུ་མཆེད་གཉིས་བྱོན་པའི་དང་པོ་ནས་ཕྱིས་བྱོན་རྩེ་གདོང་བླ་བྲང་པའི་གདུང་རབས་རྣམས་མཆེད་པ་སྟེ། དེ་ཡང༌། བདག་ཆེན་ཀུན་དགའ་བསམ་འགྲུབ་ཡབ་ཉེར་བཞི་ཤིང་ཕག་ལོར་འཁྲུངས་ནས་ང་བརྒྱད་ཆུ་སྤྲེར་གཤེགས་པ་དེས་ས་ལོ། ངོར་ཆེན་དཀོན་མཆོག་ལྷུན་འགྲུབ། ཀུན་དགའ་ལེགས་གྲུབ། སྨན་སྡིངས་ལོ་ཆེན་སོགས་བསྟེན་ནས་ཞལ་སློབ་ཀྱང་མང་དུ་བྱུང༌། བཙུན་མོ་བདེ་སྐྱིད་གླིང་པ་མ་གཅིག་ལ་ཡབ་སོ་ལྔ་ས་བྱིར་ཀུན་དགའ་བདེ་ལེགས་བལྟམས་ཤིང་བཞི་བཅུ་ས་བྱིར་གཤེགས་པ་དེས་ཀུན་དགའ་ལེགས་གྲུབ། ཀུན་དགའ་རྒྱལ་མཚན། ཡབ། དཀོན་མཆོག་དཔལ་ལྡན། ཐར་རྩེ་པཎ་ཆེན། བྱམས་པ་རབ་བརྟན་སོགས་བསྙེན་ཅིང་ཞལ་སློབ་ཀྱང་མང་དུ་བྱོན། བཙུན་མོར་རྟ་ནག་བྱ་བཟང་དཔལ་བུ་འཁྲིད་ལ་རྩེ་གདོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ། ཚེ་དབང་ཧོར་སོགས་བསོད་ནམས་རྒྱལ་མཚན། འཇིག་རྟེན་རྒྱ་ཧོར་རྣམ་གསུམ་ལས། ཕྱི་མ་ཡབ་སུམ་ཅུ་ས་སྟག་ལ་བལྟམས་ནས་ཞེ་བརྒྱད་ཤིང་གླང་ལ་གཤེགས་པ་དེའི་དབུ་བླར་གཅེན་བགྲེས་པ་དང༌། ཐར་རྩེ་པཎ་ཆེན། བྱམས་པ་རབ་བརྟན་ཐུབ་བསྟན་མཁན་ཆེན་ཆོས་འོད་ཟེར་སོགས་བསྟེན་ཅིང་ཞལ་སློབ་ཁ་ཤས་དང༌། བཙུན་མོ་སྟག་ལུང་མ་ནོར་འཛོམ་བུ་འཁྲིད་ལ་བསོད་ནམས་བློ་གྲོས། བྱམས་པ་བསོད་ནམས་ལྷུན་གྲུབ། ངག་དབང་བསོད་ནམས་ལྷུན་གྲུབ་གསུམ་བྱོན་པའི་ཕྱི་མ་ཡབ་སོ་དྲུག་ཆུ་གླང་ལོར་འཁྲུངས་ནས་རེ་བཞི་མེ་འབྲུག་ལ་གཤེགས་པ་དེས་གཅེན་མཆེད་དང༌། འཇམ་མགོན་ཨ་མེས་ཞབས་སོགས་