R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༥
[A:༣༤༥]སྲས་བསོད་ནམས་བློ་གྲོས་དང༌། སྐུ་འབྲིང་ནི་ཆུང་ངུར་གཤེགས། གྲགས་པ་རྒྱལ་མཚན་ཏེ་རྣམ་པ་གསུམ་གྱི་ཕྱི་མ་ཡབ་གཤེགས་པའི་མེ་བྱིར་བལྟམས་ནས་ཞེ་གཉིས་ས་སྦྲུལ་གཤེགས་པ་དེས་ཆོས་རྗེ། གཅེན་བྲག་ཕུག་པ། མཉམ་མེད་པ་སོགས་བསྟེན་ནས་ཞལ་སློབ་མི་གསལ་བ་དེའི་བཙུན་མོ་དང་པོ་ལྷ་རིན་མར་ཀུན་དགའ་ལེགས་པའི་བློ་གྲོས་དང༌། རྣམ་སྲས་རྒྱལ་མཚན་མཆེད་གཉིས་བྱོན། གཉིས་པ་སྟག་ཚང་སྲས་འདྲེན་མར་འཇམ་དབྱངས་ཆོས་རྒྱལ་བལྟམས་པ་ལས་རྣམ་སྲས་རྒྱལ་མཚན་ཡབ་ཉེར་ལྔ་པ་ལྕགས་བྱིར་འཁྲུངས་ཤིང་ཞེ་དགུ་ས་བྱིར་གཤེགས་པ་དེས་ཆོས་རྗེ་བླ་མ། བསོད་ནམས་བློ་གྲོས་སོགས་བསྟེན་ཅིང་ཞལ་སློབ་མི་གསལ་བ་དེའི་བཙུན་མོ་དང་པོ་རྟ་ནག་གྲུ་གུར་དབང་ཀུན་དགའ་ལེགས་པའི་བློ་གྲོས་དང༌། གཉིས་པ་ཡར་འབྲོག་བསོད་ནམས་འབུམ་ལ་ཡབ་བཞི་བཅུ་ས་ཡོས་ལོར་ནམ་མཁའ་ལེགས་པ་འཁྲུངས་ཤིང་ཞེ་དྲུག་ཤིང་བྱིར་གཤེགས་པ་དེས་འབྲོམ་སྟོན་སེང་གེ་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་དུ་ཡོད་སྙམ་ཞིང་སྐུ་མཆེད་དུ་གཏོགས་པའི་ལྕམ་ལྔའང་འཁྲུངས། བཙུན་མོ་དང་པོ་ཡར་འབྲོག་དཔལ་ཆེན་ལ་ལྕམ་གཉིས་དང༌། གཉིས་པ་མི་ཉག་བཙུན་མ་སྐྱིད་ལ་ནམ་མཁའ་རྒྱལ་མཚན་ཡབ་སོ་བདུན་ཤིང་ཡོས་ལོར་འཁྲུངས་ནས་ཉེར་དགུ་ཆུ་ལུག་ལོར་གཤེགས་པ་དེའི་བླ་སློབ་མི་གསལ་ཞིང་ལྕམ་ལྔའང་འཁྲུངས། བཙུན་མོ་དང་པོ་ཤངས་མཐོང་སྨོན་རྒན་པར་ལྕམ་གཅིག་གཞོན་པར་སློབ་དཔོན་ཆེན་པོ་རིན་རྒྱལ་བ་འཁྲུངས། གསུམ་པ་གནམ་གླིང་དཔལ་འབྱོར་བཟང་མོར་ཡབ་ཉེར་བཞི་ས་སྟག་ལ་ནམ་མཁའ་བཀྲ་ཤིས་འཁྲུངས་ཤིང་ཞེ་དྲུག་ཆུ་ཕག་ལ་གཤེགས་པ་དེས་སྟག་ཚང་ལོཙྪ་བ། མི་ཉག་གྲགས་རྡོར་སོགས་བསྟེན་ཅིང་ཞལ་སློབ་ཀྱང་དུ་མ་བྱོན། བཙུན་མོ་དམའ་ཟེ་ཧོར་མོ་ཚེ་བརྟན་གྱི་སྲས་སུ་ས་ལོ་ཀུན་དགའ་བསོད་