R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༢
[A:༣༥༢]སྣང་བསྟི། །འོད་ཀྱི་གཡའ་སྤང་མཚམས་བསྐྱངས་ལྷའི་གདུང་རབས། །མ་རུངས་སྲིན་པོར་འཁོན་བར་བཙས་དེའི་དཔལ། །འཇམ་དབྱངས་ཆོས་རྒྱལ་བཀའ་ཡི་ཁ་ལོ་བསྒྱུར། །དང་པོའི་རབ་བྱུང་གྲས་སུ་ནཱ་གེནྡྲཿ གཅུང་ལས་གཡའ་ལུང་ཁ་བསོ་སྟག་རྩེན་ལས། །བྱང་གི་འཁོན་ཚོ་བརྡལ་གྱི་ཆང་ཚང་དང༌། །འཁོན་ཚོ་བརྒྱད་དང་ཤབ་སྟོད་འཁོན་ཡང་གྱེས། །དགེ་བར་མཐོང་ནས་ཤེས་རབ་ཚུལ་ཁྲིམས་བར། །སྔ་འགྱུར་གྲུབ་མཚན་ཐོགས་མེད་ཤ་དག་དང༌། །ལྷ་རིགས་འཁོན་དང་ས་སྐྱ་པར་སྒྲོགས་པའི། །མཚན་གསུམ་ལྟོ་འགྲོའི་ཁ་གནོན་རཏྣ་ཆེ། །ཁོར་ཡུག་ཕྱོགས་ཀྱི་རྣ་བར་བསྟན་པའི་བདག །རྣམ་ལྔར་གྲགས་པའི་ཁུ་དབོན་མཚན་སྙན་ནི། །ཤར་ཕྱོགས་གནམ་བསྐོས་ཟུར་ཕུད་ཐོད་བཅིངས་སུ། །ལྷུར་བཞེས་རིམ་རྒྱུད་ཏི་ཤྲཱི་ཀུན་དགའི་མཚན། །བར་དུ་བྱོན་རྣམས་སྤྱི་ལ་དབང་བསྒྱུར་རོ།། ༈ ལུང་ཕུད་གསུམ་པར་མཁས་བཙུན་ལེགས་ལམ་ནས། །རྙོག་བྲལ་དག་པའི་ཆུ་ཀླུང་འཕེལ་བའི་རྒྱུན། །མ་རིག་འགོགས་པའི་བློ་གྲོས་དབང་ཕྱུག་པ། །བར་དུ་གཞི་ཐོག་བླ་བྲང་གདུང་རབས་འཁྲུངས།། ༈ ལུང་ཕུད་དྲུག་པར་དོན་ཡོད་དགེ་མཚན་ཆེ། །རིན་ཆེན་བསྟན་པའི་སྒང་དུ་ཉེར་འཕོས་ནས། །སྙན་གྲགས་རྒྱལ་མཚན་འཛིན་པའི་བར་དག་ཏུ། །བླ་བྲང་རིན་ཆེན་སྒང་པའི་གདུང་ཞེས་གྲགས།། ༈ ལུང་ཕུད་བཞི་པ་ཀུན་དགའ་སའི་ཐིག་ལེར། །བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེང་བའི་གནས། །ཀུན་ལ་དགའ་བ་ལེགས་པའི་ལམ་སྟོན་པར། །ལྷ་ཁང་བླ་བྲང་གདུང་རབས་ཉིད་དུ་མངོན། །༈ལུང་ཕུད་ལྔ་པར་ཀུན་མཁྱེན་དགའ་བའི་ཞིང༌། །ལེགས་པའི་འབྱུང་གནས་བྱང་ཕྱོགས་དབྱིག་འཛིན་མར། །སྲིད་ཞིའི་བསོད་ནམས་དཔལ་དུ་བྱམས་བསྟན་བར། །དཔེ་ཟླས་དབེན་པའི་གདུངས་རབས་རིན་ཆེན་ཕྲེང༌། །མཚན་མཆོག་གསུམ་ལྡན་རྩོད་བྲལ་མཁས་གྲུབ་