R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༡
[A:༣༥༡]གྱུར་པའི་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་བ་དན་ཁོར་ཡུག་རི་བོའི་ཁོངས་སུའང་རྒྱུ་བ་དེ་ཉིད་ནི། ཡབ་རྗེ་ཉེར་ལྔ་ས་བྱར་འཁྲུངས་ཚུལ་རྒྱས་པ་དང་དབུ་བླ་སོགས་འོག་ཏུ་རིམ་གྱིས་འབྱུང་ཞིང༌། ང་ལྔ་ཆུ་ཡོས་ལ་བདེ་བ་ནས་བདེ་བའི་དབྱིངས་སུ་ཕེབས་པ་དེ་ཉིད་ཀྱི་བཙུན་མོ་དང་པོ་རུ་ཐོག་ཆོས་ལུང་རྒྱལ་པོའི་སྲས་མོ་ཕུན་ཚོགས་ཚེ་རིང་མར་ལྕམ་གཅིག་འཁྲུངས། གཉིས་པ་ནི། སྐུ་དྲིན་ནམ་ཡང་འཁོར་མེད་བསྐལ་བཟང་བདེ་སྐྱིད་བུ་ཁྲིད་ཅེས་སེམས་མའི་ངོ་བོ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་ཉིད་དགུང་གྲངས་སོ་ལྔར་ཕེབས་པ། ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོར་སྐྱབས་མགོན་ཁམས་གསུམ་དབང་སྡུད་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་དང༌། དགུང་གྲངས་སོ་བརྒྱད་དུ་ཕེབས་པ་མི་ཟད་ཅེས་པ་མི་ཁྱི་ལོར་སྐྱབས་མགོན་སྲིད་ཞིའི་ཕན་བདེའི་མཛད་པོ་ངག་དབང་ཀུན་དགའ་ཕན་བདེ་རྒྱ་མཚོ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་བཅས་ངོ་མཚར་བཀྲ་ཤིས་ཀྱི་མཚན་མས་ཐ་གྲུར་དཀྲིགས་ཏེ་བསྟན་འགྲོའི་དཔལ་མགོན་ཆེན་པོར་བལྟམས་ཤིང༌། ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གདུང་རབས་རིན་པོ་ཆེ་ཆུ་བོའི་རྒྱུན་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་སྐུ་ཚེ་མཛད་ཕྲིན་བཞེད་དགོངས་མཐར་ཕྱིན་པར་འགྱུར་རོ། །དེ་དག་གི་དོན་བསྡུ་ན། ཕྱག་ན་པདྨས་གདུལ་ཞིང་ཁ་བའི་ལྗོངས། །བདེ་སྐྱིད་ཆུ་ཀླུང་འདྲེན་པའི་དམ་པའི་ཁྱུ། །ཟོ་ཆུན་འཁྱུད་མོའི་རྣམ་པར་གྲུབ་མོད་ཀྱི། །གཅིག་ཏུ་ཟས་གཙང་སྲས་དེའི་ཐུགས་བསྐྱེད་གྲོགས། །མངའ་རིས་ས་འཛིན་གཏོས་སུ་གངས་ཅན་འདིའི། །བསོད་ནམས་མགྲོན་དུ་གནམ་ལྷ་དཀོན་མཆོག་གསུམ། །གཙང་མ་ཆོས་ཀྱི་འབབ་རྒྱུན་སྤྱི་རྗེ་ལས། །སྟག་མཚན་ཉི་ཟླ་གཉིས་རྣམས་བར་