R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༥༧
[A:༣༥༧]གླུ་གཞས་བྱེད་པ་ཞིག་འཁྲུངས་པ་མཐུན་ཞིང་དེ་དུས་གངས་མཆོད་ལྗགས་བསྒྲིགས་འདི་ཡང་མཛད། ཡང་ལོ་དེའི་ཁྲུམས་ཟླའི་ནང་ཡབ་རྗེ་བསོད་ནམས་རིན་ཆེན་ཁའུར་སྨན་ཆབ་ལ་ཕེབས་པ་དང་ཆབས་གཅིག་སྐྱེད་ལྷས་མགོན་ཁང་དུ་སྐུ་མཚམས་ཞག་བདུན་དང་ཐུག་འཛུགས་སོགས་གནང་སྐབས་ཀྱི་མཚན་ལམ་དུ་མཆོད་རྟེན་ཞིག་གི་ལོགས་ནས་རཀྴ་གདོང་གཅིག་མང་པོ་དང༌། དུང་ཆུང་རྩེ་གསུམ་རྡོ་རྗེ་རྣམས་ཕྱག་ཏུ་བབས་པ་འཁྲུངས་པ་ནི་གོང་གི་ཡུམ་མཆོག་དམ་པའི་མནལ་ལྟས་དང་མཐུན་པ་མགོན་པོ་འདིའི་ཆོས་སྐོར་ཚང་མ་སྔོན་གྱི་ཕྱག་ལེན་དང་མཐུན་པར་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་གསན་བཞེས་མཛད་པའི་མཚན་མར་གདོན་མི་ཟའོ། །ཡང་ལོ་དེའི་ནང་གོང་དཀར་དམ་པ་དེ་ཉིད་ཀྱིས་བུ་རྫི་མའི་མདོས་འཛུགས་གནང་སྐབས་ཀྱི་མནལ་ལྟས་སུ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་དང༌། བསྐལ་བཟང་སངས་རྒྱས་སྟོང༌། རིགས་གསུམ་མགོན་པོའི་སྐུ་རྣམས་གསེར་ཐང་དུ་བཞེངས་པས་གདུང་བརྒྱུད་འབྱུང་གསུངས་བ་བཞིན་འཕྲལ་བཞེངས་ཐང་ཀ་རྣམས་ད་ལྟ་མཁའ་སྤྱོད་ལྷ་ཁང་ནང་བཞུགས་ཤིང༌། དེ་དུས་མདོས་ཀྱི་ཟས་སྣའི་དཀྱིལ་དུ་ནས་ལྗང་མཐོ་གང་ཙམ་སྐྱེས་པ་དང༌། ཡང་དབྱུག་ཟླའི་ནང་བརྡལ་ཆུའི་བསམ་འགྲུབ་སྨན་སྐྱོང་གི་ཐད་ཙམ་གྱི་རྡོ་དཀྱིལ་ནས་རྡོ་ལ་ཀྱེ་རྡོར་ཡབ་ཡུམ་ཞལ་སྦྱོར་ཡོད་པ་ཞིག་དང༌། སྒྲོལ་མར་ཕེབས་མུར་སྒྲོལ་མའི་ཕྱག་མཐིལ་ནས་ཨ་ར་པ་ཙ་ན་དྷཱིཿཞེས་པའི་ཡི་གེ་ནས་འབྲུ་ཙམ་མང་དུ་གཟིགས་པ་དང༌། སྐྱེད་ལྷས་མགོན་ཁང་སྟེང་གི་ཕྱག་རྡོར་ཕུག་གི་བྲག་ཁྲོད་ནས་ལྕགས་ཕུར་དང་རྡོ་ལ་བཛྲ་གུ་རུ་རང་བྱོན་འབུར་དུ་ཡོད་པ་ཞིག་དང༌། ཡང་རྗེ་བཙུན་རིན་པོ་ཆེ་མཇལ་དུ་ཕེབས་འདུན་གྱི་སྒོ་རུམ་ལྟག་ནས་རྡོའི་པར་བུ་ཞིག་གི་ནང་ན་དམ་རྫས་ལས་གྲུབ་པའི་འཇམ་དབྱངས་དམར་སེར་གྱི་སྐུ་ཚོན་གང་བ་ཞིག་དང༌། ཡང་ཆུ་ཆེན་པོ་ཞིག་ལ་མི་མང་པོ་སྒྲོལ་འདོན་མཛད་ཅིང་ཆུ་དཀྱིལ་ནས་དུང་དཀར་ཤིན་ཏུ་ཆེ་བ་ཆ་གཅིག་རྣམས་རྙེད་པའི་ཐུགས་སྣང་དང༌།