R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༦
[A:༣༨༦]གསོལ་འདེབས་ཚིགས་བཅད་གཅིག །ནང་ཆེན་བླ་མའི་ངོར་མཛད་གདུང་རབས་གསོལ་འདེབས། ཐར་རྩེ་རྡོ་རྗེ་འཆང་ལ་གཉིས། གནས་གསར་རྡོ་རྗེ་འཆང་ལ་ཤློ་ཀ་གཅིག་དང་རྒྱས་པ་གཉིས། རྗེ་དེ་གཉིས་ལ་ཞབས་བརྟན་རེ་རེ། ཡང་ནམ་མཁའི་མཚན་ཅན་དང་རཏྣའི་མཚན་ཅན་ལ་ཞབས་བརྟན་ཚིགས་བཅད་རེ་རེ། བྲག་རྩ་རྡོ་རྗེ་འཆང་ལ་གསོལ་འདེབས་གཉིས། འཇམ་མགོན་སངས་རྒྱས་ཡེ་ཤེས་ལ་ཞབས་བརྟན་གསོལ་འདེབས་རེ་རེ། གོང་དཀར་བསོད་ནམས་བློ་གྲོས་ལ་གཅིག །གོང་དཀར་ཆོས་དབང་རྒྱ་མཚོར་གསུམ། རིན་ཆེན་མི་འགྱུར་རྒྱལ་མཚན་ལ་གསོལ་འདེབས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་ལ་ཞབས་བརྟན་དང་གསོལ་འདེབས། རྒྱལ་དབང་བསྐལ་བཟང་རྒྱ་མཚོར་ཞབས་བརྟན་གསོལ་འདེབས་ལེ་ཚན། མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོར་གསོལ་འདེབས། སྨིན་གླིང་ཁྲི་ཆེན་འགྱུར་མེད་རིན་ཆེན་རྣམ་རྒྱལ་ལ་གསོལ་འདེབས། སྨིན་གླིང་གདུང་རབས་སྤྱིར་གསོལ་འདེབས་དང་ཞབས་བརྟན། སྡོམ་གསུམ་བརྒྱུད་འདེབས་མ་རིག་གཡུལ་རྒྱལ། གནམ་ཁའུ་པར་གསོལ་འདེབས། བུ་སྟོན་རིན་པོ་ཆེར་གསོལ་འདེབས། པཎ་ཆེན་ཤཱཀྱ་མཆོག་ལྡན་ལ་བསྟོད་པ། ངོར་ཨེ་ཝཾ་ཆོས་ལྡན་གདན་རབས་གསོལ་འདེབས། ཚར་ལུགས་བླ་མ་གཙོ་བསྡུས་གསོལ་འདེབས། ཚར་ལུགས་བླ་མ་གཙོ་བསྡུས་ལ་ཕྱག་འཚལ། སྒར་ཆེན་དང་ཀུན་དགའ་དབང་རྒྱལ་ལ་བསྟོད་པ་རེ་རེ། ཡང་དག་བརྒྱུད་འདེབས། ལམ་ཟབ་བརྒྱུད་འདེབས་ཀྱི་ཁ་སྐོང༌། ཆོས་ལས་པ་བཀྲ་ཤིས་དར་རྒྱས་ཀྱིས་ཞུས་བརྒྱུད་འདེབས་ཁ་སྐོང་ཁ་ཤས། བདེ་མཆོག་ཉུང་ངུའི་ལུང་བརྒྱུད་གསོལ་འདེབས། མཁའ་སྤྱོད་མའི་བརྒྱུད་འདེབས་ངོར་ཆེན་དང་ཚར་ཆེན་གྱིས་མཛད་པའི་ཁ་སྐོང་རྣམས་ཕྱོགས་བསྡོམས། མི་འཁྲུགས་པའི་བརྒྱུད་འདེབས། ཚེ་དཔག་མེད་ཀྱི་བླ་བརྒྱུད་