R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༧
[A:༣༨༧]གསོལ་འདེབས་ལེ་ཚན། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་བླ་བརྒྱུད་གསོལ་འདེབས་ཁ་སྐོང་བཅས། དབུ་མ་ལུགས་ཀྱི་སེམས་བསྐྱེད་བརྒྱུད་འདེབས། ཁམས་གསུམ་རྣམ་རྒྱལ་གྱི་དབང་བརྒྱུད་གསོལ་འདེབས། གསང་འདུས་རིམ་ལྔའི་འཁྲིད་བརྒྱུད་གསོལ་འདེབས་བུ་མཛད་ཁ་སྐོང༌། ཞལ་བཞི་བསྙེན་དུས་ཀྱི་རྗེས་གནང་བླ་བརྒྱུད་གསོལ་འདེབས། རྨོར་ཆེན་ལ་གསོལ་འདེབས་ལེ་ཚན་དང་དེ་གཤམ་མནལ་ལམ་དུ་རྩོམ་གནང་གི་ཚིགས་བཅད་གཅིག་བཅས། ཐུབ་བསྟན་མཁན་ཆེན་ཀླུ་དབང་རྒྱ་མཚོ་དང་ངག་དབང་བསྟན་འཛིན་རྒྱལ་མཚན་གཉིས་ལ་གསོལ་འདེབས་རེ་རེ། རྩེ་གདོང་སྤྲུལ་སྐུའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས། ཆོས་གཏེར་གླིང་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས། འགྱུར་མེད་ཀུན་བཟང་ཀློང་གྲོལ་ལ་གསོལ་འདེབས། རྡོར་བྲག་རིག་འཛིན་ལ་གསོལ་འདེབས། རྒྱལ་ཚབ་དམ་པ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོར་ཞབས་བརྟན། ཐོ་ཡོན་བློ་བཟང་ནོར་བུར་བརྟན་བཞུགས། དྭགས་གྲྭ་བཟོད་གྲགས་ངོར་མཛད་གསོལ་འདེབས་ཞལ་གསུང་མ། རི་ཁུད་སྤྲུལ་སྐུའི་བཞེད་སྐོང་ཀུན་བློ་རྒྱང་འབོད། མཁྱེན་རབ་སྐལ་ལྡན་གྱི་ངོར་མཛད་ཞབས་བརྟན་གསོལ་འདེབས། དྭགས་གྲྭ་བཀྲ་ཤིས་ཡར་འཕེལ་གྱིས་ཞུས་ལེ་ཚན་གསུམ། འཇིག་རྟེན་དབང་ཕྱུག་ལ་སྨྲེ་སྔགས། སྨོན་ལམ་བདེ་དགའ་རྒྱ་མཚོ། རྒྱུད་སྡེ་བཞིའི་ལྷ་ཚོགས་ལ་གསོལ་འདེབས། རྗེ་བཙུན་སྒྲོལ་མར་གསོལ་འདེབས། ཁེ་སྨད་དཔལ་ལྷུན་ནས་ཞུས་ཡབ་སྲས་རྣམ་གསུམ་གསོལ་འདེབས། ཁེ་སྨད་སྒྲོལ་འབུམ་ངོར་མཛད་གསོལ་འདེབས། ཀྱེ་རྡོར་རྒྱུ་དབང་ཞལ་ངོ་ནང་བརྒྱུད་ལ་གསོལ་འདེབས། སྟག་རྩེ་བྱམས་པ་ལྷ་དབང་རིག་འཛིན་ལ་གསོལ་འདེབས། ཐུབ་བསྟན་དགེ་འཕེལ་རྗེ་བཙུན་རིན་པོ་ཆེར་གདུང་རབས་མྱུར་འབྱོན་གསོལ་འདེབས། བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་གདུང་རབས་མྱུར་འབྱོན་