R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༨
[A:༣༨༨]གསོལ་འདེབས། རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་ཞབས་བརྟན་བཅོ་བརྒྱད་ཡུམ་བགྲེས་ངོར་མཛད། ཡང་གསེར་ཅན་ཤངས་པ་སློབ་དཔོན་གྱི་ངོར་མཛད་ཞབས་བརྟན། སྐྱབས་གནས་དམ་པ་རྣམས་ལ་ཞབས་བརྟན་གསོལ་འདེབས་དགེ་སློང་བསྐལ་བཟང་མཆོག་གྲུབ་ཀྱི་ངོར་མཛད། རྗེ་རྡོ་རྗེ་འཆང་སྐུ་མཆེད་བརྟན་བཞུགས་གསོལ་འདེབས་རེ་རེ། པདྨ་དཔལ་ལྡན་གྱིས་ཞུས་ཞབས་བརྟན། ཡང་བརྟན་བཞུགས་ཚིགས་བཅད་རེ་བྱས་པ་ཚོ་གསུམ། གཅུང་རིན་པོ་ཆེར་གཅིག །ཕུར་ལྕོག་པ་ཆེན་པོར་གསོལ་འདེབས། བདེན་ཚིག་བཀྲ་ཤིས་འགྱུར་མེད། བདེན་ཚིག་ས་བསྟན་གསལ་འབར། ཨ་ཏི་ལུག་པན་ཨེ་དྷི་ནི་ནོ་མི་ན་ཧན་ཞུས་གསོལ་འདེབས། གསོལ་འདེབས་མ་དག་ཕུང་ཁམས་མ། གོང་དཀར་བློ་ཉི་སོགས་ཀྱིས་ཞུས་པའི་གསོལ་འདེབས་ཚིགས་བཅད་གཅིག་གི་གཤམ་ན་རྒྱལ་མཚན་འཛུགས་ཆོག་དང་བཅས་པ། སྤུ་བླ་བསོད་གྲགས་ཀྱིས་ཞུས་ཡུལ་སྡེ་རྒྱས་པའི་སྨོན་ཚིག་ཚོ་གཉིས། གོང་དཀར་ཀུན་སྣང་གྲྭ་ཚང་སོགས་རྒྱས་པའི་བདེན་ཚིག །སྨོན་ཚིག་ཀུན་མཁྱེན་མངོན་གྱུར་མ། ཞྭ་དམར་སྤྲུལ་སྐུར་ཞབས་བརྟན་གསོལ་འདེབས། རྗེ་ཉིད་ལ་གསོལ་འདེབས་དད་ལྡན་རེ་སྐོང༌། བརྟན་བཞུགས་གསོལ་འདེབས་ཉེས་བྲལ་ཐར་མཆོག །བདེན་ཚིག་ཕན་བདེ་གངྒཱའི་ཆུ་རྒྱུན། བདེན་ཚིག་འགྱུར་མེད་གཡུང་དྲུང༌། བྱང་གླིང་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་དང་ཞབས་བརྟན། དྭགས་པོ་ཞབས་དྲུང་རིགས་བདག་ངག་དབང་ལྷུན་གྲུབ་དར་རྒྱས་ནོ་མིན་ཧན་ལ་གསོལ་འདེབས་རབ་འབྱམས་ཞིང་བཞུགས་མ། གསེར་ཅན་ཤཱཀྱ་འགྲོ་མགོན་ཆེད་སྩལ་ཞབས་བརྟན་གསོལ་འདེབས། ཐུབ་བརྟན་མཁན་ཆེན་པདྨ་རྒྱལ་མཚན་ལ་གསོལ་འདེབས། སྨོན་ལམ་དུས་གསུམ་དཔལ་འབར། ཨེ་རྟེ་ནི་བློ་བཟང་ཆོས་གྲུབ་ཀྱིས་ཞུས་སྐུ་བསྟོད། འགྱུར་མེད་དཔལ་སྒྲོན་གྱིས་ཞུས་ཞབས་བརྟན། གཟིམ་འོག་སྤྲུལ་སྐུའི་ངོར་མཛད་གསོལ་འདེབས་ཤློ་ཀ་གཅིག །སྒྲོལ་དཀར་བརྒྱུད་རིམ་