R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༩
[A:༣༨༩]གསོལ་འདེབས། བསོད་འོད་ཀྱིས་ཞུས་ཡབ་སྲས་རྣམ་གསུམ་ཞབས་བརྟན། ཤིང་ཕག་ནག་ཟླའི་བཅོ་བརྒྱད་ལ་འཇམ་མགོན་ས་པཎ་དངོས་སུ་གཟིགས་སྐབས་ཐུགས་སྨོན། བརྒྱ་དཔོན་བཀྲ་ཤིས་འོད་ཟེར་གྱིས་ཞུས་སྨོན་ལམ། སྟོབས་འཕྲོག་དབང་པོའི་གསང་འཁྲིད་བརྒྱུད་འདེབས་ལམ་རིམ་སྨོན་ལམ་བཅས་ཀྱི་ཞལ་སྐོང༌། དམ་བཟང་ངོར་མཛད་ཞབས་བརྟན་ཤློ་ཀ་གཅིག །དེ་མོ་གོང་མར་གསོལ་འདེབས། རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམ་གསུམ་ཞབས་བརྟན་ཡིད་ལྷུང་དཔོན་ངོར་མཛད་པ། འགྲོ་མགོན་བསྟན་པ་སངས་རྒྱས་ཀྱི་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཡང་སྲིད་མྱུར་འབྱོན་ཕྲིན་གསོལ། དྭགས་གྲྭ་མཁན་པོས་དགོན་དེར་དབུ་མ་འཇུག་པའི་གཞུང་འཛུགས་སྐབས་ཞུས་པའི་སྨོན་ཚིག །བདེ་མཆོག་བརྒྱུད་འདེབས་ཁ་སྐོང༌། རྡོ་རྗེ་ཕུར་པ་དང་གུ་རུ་དྲག་དམར་གྱི་དབང་བརྒྱུད་ཁ་སྐོང༌། སྒྲོལ་དཀར་ཚེ་འཁྲིད་བརྒྱུད་འདེབས་ཁ་སྐོང༌། རྗེ་རྡོ་རྗེ་འཆང་ལ་གསོལ་འདེབས་རྟེན་འབྲེལ་ཟབ་དོན། ཐར་རྩེར་གཉྫི་ར་དང་རྒྱལ་མཚན་ཕུལ་སྐབས་ཀྱི་སྨོན་ཚིག །པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོར་གསོལ་འདེབས། ཡང་ཅན་མཁན་པོ་ངག་དབང་ཤཱཀྱར་བསྟོད་པ། བརྟན་བཞུགས་གསོལ་འདེབས་འཆི་མེད་རྡོ་རྗེའི་སྲོག་རྩ་དང་འཆི་མེད་འོད་སྣང༌། སྒྲུབ་ཐབས་བརྒྱ་རྩའི་བླ་བརྒྱུད་གསོལ་འདེབས་ལེ་ཚན་གཉིས། ཞམ་འབྲིང་བ་འོད་ཟེར་གྱི་མའི་ཆེད་དུ་གནང་བའི་སྨོན་ལམ་ཚིགས་བཅད་གཅིག །རྩེ་གདོང་བདག་ཆེན་ངག་དབང་ནོར་བུ་བསོད་ནམས་དབང་རྒྱལ། ཀུན་དགའ་ཚེ་དབང་རིག་འཛིན། ངག་དབང་ནོར་བུ་རྒྱལ་མཚན་རྣམས་ལ་གསོལ་འདེབས། བེཀྩེའི་རྗེས་གནང་གསན་སྐབས་ཀྱི་གསོལ་འདེབས་མི་མཐུན་ཀུན་ཞི། འཇིགས་བྱེད་ནང་མཆོད་འབུལ་ཚུལ་ཁ་སྐོང༌། དྲག་པོ་སྒྲོལ་དབང་གི་བརྒྱུད་འདེབས་ཀྱི་ཁ་སྐོང༌། ཕར་ཚད་བརྒྱུད་འདེབས་ཁ་སྐོང༌། ཞེ་ཆེན་བླ་སློབ་ནས་ཞུས་པའི་