R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༠
[A:༣༩༠]བརྟན་བཞུགས། ཞེ་ཆེན་སྤྲུལ་སྐུའི་བརྟན་བཞུགས། གདུང་རབས་ཞབས་བརྟན་ལྷ་ལྡན་ཀུན་སྦྱིན་ངོར་མཛད། བསྟན་རྒྱས་གླིང་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་ལེ་ཚན། ཡར་འབྲོག་ཐར་གླིང་རྒྱས་ཕྱིར་ཐུགས་སྨོན། ཡབ་སྲས་རྣམ་གསུམ་གསོལ་འདེབས་གླང་ཐང་ལྕགས་རི་སྤྲུལ་སྐུའི་ངོར་མཛད། སྨེ་བརྩེགས་དུད་ཁར་བསྟོད་པ། གནོད་སྦྱིན་ཕོ་དགུ་མོ་དགུར་བསྟོད་པ། ཉེ་གནས་བཀྲ་ཤིས་མིང་ཅན་གྱིས་ཞུས་པའི་ཡི་དམ་ཆོས་སྲུང་སོགས་ཀྱི་སྐུ་བསྟོད། དགེ་བྱེད་ལོར་བསམ་ཡས་ཆོས་སྐྱོང་ལ་ཁྲབ་ལྡན་སོགས་གསར་ཕུལ་ཐོག་གི་སྨོན་ཚིག་བཅས་ཏེ་གསོལ་འདེབས་བརྒྱུད་འདེབས་དངོས་དང་ཞལ་སྐོང་སྐོར་རགས་བསྡུས་ཙམ་མོ།། །། ༈ གཉིས་པ་གདུང་རབས་སོགས་རྣམ་ཐར་བསྒྲིགས་རྩོམ་སྐོར་ནི། ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར། གནས་གསར་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར། འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་གི་ཁ་སྐོང་རིན་ཆེན་འཛད་མེད་སྲིད་ཞིའི་དཔལ་འབྱོར་ལྷུན་གྲུབ། ས་སྐྱ་པའི་གདུང་རབས་དབང་རྒྱལ་ལྷུན་པོ། །ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ཁ་སྐོང་བཅས་བསྡོམས་ཤིང་ལྷག་པར་དུས་མཆོད་བླ་བྲང་བའི་གདུང་རབས་ཁ་ཡོད་ལག་ཡོད་དུ་བགྲངས་པ་གདན་རབས་བཅས་ཀྱི་རྣམ་ཐར་ལོ་རྒྱུས། ཨ་མེས་ཞབས་ཀྱི་རྣམ་ཐར་ཉིང་ཁུ། རྣལ་འབྱོར་མའི་བླ་བརྒྱུད་རྣམ་ཐར་ཉུང་ངུ༌། དཔལ་ལྡན་ལྷ་མོའི་ལོ་རྒྱུས། སྒྲོ་མོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་བྲག་རྩ་བ་ཆེན་པོས་མཛད་པ་འཕྲོ་ཅན་གྱི་ཞལ་སྐོང་རྣམས་དང༌། གཞན་ཡང་ལུང་རྒྱུན་སྤེལ་ཕྱིར་དབུར་ཚིགས་བཅད་རེ་བསྣོན་པར་མཛད་པ། རྒྱལ་ཚབ་དམ་པ། སངས་རྒྱས་རིན་ཆེན། ས་ལོ། དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཡབ་སྲས་གསུམ་གྱི་རྣམ་ཐར་བསྡུས་པ་