R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༡
[A:༣༩༡]དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན་གྱི་རྣམ་ཐར་འབྲིང་པོ་སྟེ། གདུང་རབས་སོགས་རྣམ་ཐར་བསྒྲིགས་རྩོམ་སྐོར་རོ།། །། ༈ གསུམ་པ་སྒྲུབ་དཀྱིལ་བསྒྲིགས་ཆགས་བསྙེན་ཐབས་སྦྱིན་སྲེག་སྐོར་ནི། བྱང་གཏེར་ལྕགས་སྡོང་ལྷ་མང་ཚར་ལུགས་དབང་ཆོག །གདུགས་དཀར་གྱི་དཀྱིལ་ཆོག །གདུགས་དཀར་ཀྱི་ཆོག་ཁྲིགས། འོད་ཟེར་དྲི་མེད་ཀྱི་ཆོ་གའི་ལས་རིམ། གཟུངས་གྲ་ལྔའི་མངོན་དཀྱིལ་ནག་འགྲོས་མ། གཟུངས་གྲ་ལྔ་རྡོ་རྗེ་འཕྲེང་བ་ལུགས་ཀྱི་བདག་འཇུག །པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གྲ་ལྔའི་སྒྲུབ་དཀྱིལ་དབང་ཆོག་ལ་དོགས་དཔྱོད། གུར་མགོན་ལྷ་བཅུ་གཉིས་མའི་སྒྲུབ་དཀྱིལ། དེའི་མཚམས་སྦྱོར། རང་བཞིན་འབྱུང་བའི་གཙུག་ཏོར་རྣམ་པར་རྒྱལ་མའི་དཀྱིལ་ཆོག་དང་དེའི་བསྟོད་པ། མི་འཁྲུགས་པའི་དཀྱིལ་ཆོག་གཤིན་པོ་རྗེས་འཛིན་དང་བཅས་པ་འཁོར་ལོ་བདེ་མཆོག་ལཱུའུ་ཧི་པའི་སྒྲུབ་དཀྱིལ། འཁོར་ལོ་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་འབྲིང་པོ། །བདེ་མཆོག་དྲིལ་བུ་པའི་ལུགས་ཀྱི་ཕྱི་རྡུལ་ཚོན་གྱི་དཀྱིལ་ཆོག །གསང་འདུས་འཇམ་པའི་རྡོ་རྗེའི་སྒྲུབ་དཀྱིལ། དེའི་དབང་གི་མཚམས་སྦྱོར། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་དཀྱིལ། རྭ་ཚར་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པ་འཇིགས་བྱེད་བཅུ་གསུམ་མའི་མངོན་དཀྱིལ་ལྷན་ཐབས་ཆ་ལག་བཅས། དེའི་བཤོམ་དང་ཐིག་རྩ། གཤེད་དམར་ལྷ་ལྔའི་སྒྲུབ་དཀྱིལ་བདག་འཇུག་གི་ཡི་གེ །དེའི་བླ་བརྒྱུད་ཤོག་གཅིག །ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་ཀྱི་བདག་འཇུག་གསལ་བྱེད། ཀྱེ་རྡོར་སྒྲུབ་ཐབས་ཀྱི་རྣམ་བཤད་ལུང་རྒྱུན་སྤེལ་ཕྱིར་མཚན་དང་དབུར་ཚིགས་བཅད་བསྣན་པ། རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་དུས་མཐའ་མའི་ཆོ་ག །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་རྨོར་མཛད་ཟུར་འདེབས། སྒྲོལ་མ་མཎྜལ་བཞི་ཆོག་