R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༢
[A:༣༩༢]རྒྱས་པ། ཡང་སྒྲོལ་མ་མཎྜལ་བཞི་ཆོག །བྱད་འགྲོལ་གསེར་ལྡེའི་ཆོག་ཁྲིགས། སྦྱོང་རྒྱུད་ནས་གསུངས་པའི་ཚ་ཆོག །སྦྱོང་རྒྱུད་ནས་གསུངས་པའི་རོ་སྲེག་སྔོན་འགྲོའི་ཕུང་པོ་ཆས་འཇུག་གམ་རུས་ཆོ་ག་ཟུར་བཀོལ། རི་ཁྲོད་མའི་བུམ་ཆོག །རྣམ་སྲས་མཆོད་ཆོག །ཞིང་ལྷ་མཆོད་ཆོག །རྒྱལ་ཟླའི་ཚེས་གཅིག་ཚོམས་བར་མགོན་ཁང་གཏོར་འཛུག་འདོན་ཁྲིགས། ཤ་བརྒྱ་ཟན་བརྒྱའི་གླུད་གཞུང༌། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་ཐབས་དང་མཆོད་རྟེན་གདབ་ཚུལ། ཚེ་དབང་མདའ་འཕེལ་མ། རྟེན་འབྲེལ་བསྲུང་བའི་བྱིན་རླབས་བྱ་ཚུལ། གསང་འདུས་མི་བསྐྱོད་རྡོ་རྗེར་བརྟེན་པའི་གཤིན་པོ་རྗེས་འཛིན་གྱི་ཆོ་ག །རྡོ་རྗེ་གཏུམ་མོའི་ལས་བྱང༌། གུར་ལས་གསུངས་པའི་མཁའ་འགྲོ་རིགས་ལྔ་བསྡུས་པའི་སྒྲུབ་དཀྱིལ། རྟ་མགྲིན་ཡང་གསང་ལྷ་དགུའི་དཀྱིལ་ཆོག །དེའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག །སམྦུ་ཊིའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་མཚམས་སྦྱོར། ཀྱེ་རྡོ་རྗེའི་སྒྲུབ་ཐབས་མ་ནོར་དོན་ཚང་དེ་མོ་མཆོག་གི་དགོངས་བཞེད་བཞིན་མཛད་པ། སྒྲུབ་ཐབས་བརྒྱ་རྩའི་གྲས་ཀྱེ་རྡོར་དཔའ་གཅིག་ནག་འགྲོས་མ། བཅུ་གཅིག་ཞལ་གྱི་མཎྜལ་སྒྲུབ་མཆོད། ཀྱེ་རྡོར་བདག་བསྐྱེད་བསྡུས་པ་དང་དེ་གཤམ་ཁ་རག་གསོལ་མཆོད་གཉན་སྒྲོལ་ཡན་ལག་དྲུག་པའི་སྒྲུབ་ཐབས་རྗེས་གནང་བཅས། སྤྱན་གཟིགས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས་རྗེས་གནང༌། སྤྱན་གཟིགས་སྒྲུབ་ཐབས་ཤིན་ཏུ་ཉུང་ངུ། ཚེ་དཔག་མེད་འཆི་བསླུའི་ཟུར་འདེབས། ཁྲོ་བོ་སྟོབས་པོ་ཆེའི་སྒོམ་བཟླས། རྡོ་རྗེ་གཞོན་ནུ་དང་མཁའ་སྤྱོད་མའི་སྒྲུབ་ཐབས་རེ་རེ། སྒྲོལ་དཀར་ཚེ་འཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་དང་དེའི་ཟུར་འདེབས། གུ་རུ་དྲག་དམར་གྱི་རྗེས་གནང༌། ཆེ་མཆོག་པདྨ་ཐོད་ཕྲེང་གི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག །ཕྱག་རྡོར་འཆི་བདག་འཇོམས་པའི་བདག་བསྐྱེད། ཁྲོ་མོ་སྨེ་བརྩེགས་བུམ་ཆོག་