R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༣
[A:༣༩༣]རྗེས་གནང་དང་བཅས་པ། ཛམ་དཀར་རྗེས་གནང༌། དགྲ་ནག་ནས་གསུངས་པའི་དབྱངས་ཅན་དམར་མོའི་སྒྲུབ་ཐབས། ཁྱུང་ནག་གི་རྗེས་གནང༌། མཁའ་ལྡིང་གསེར་མིག་འཁྱིལ་བའི་རྗེས་གནང༌། ཁྱུང་ཁྲའི་སྒོམ་བཟླས་དང་བསྙེན་སྒྲུབ་བྱ་ཚུལ། སྒྲོལ་དཀར་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། གཙུག་ཏོར་འབར་བའི་རྗེས་གནང༌། འབྱུང་འདུལ་མེ་དབང་རྗེས་གནང༌། རྣམ་སྣང་སྒྱུ་དྲ་ནས་གསུངས་ཤིང་སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་སྲུང་བ་ལྔ་གཙོ་རྐྱང་རྗེས་གནང༌། ཤངས་ལུགས་རྟ་མགྲིན་གསང་སྒྲུབ་མངོན་རྟོགས། ཁྲོ་རྒྱལ་རྟ་མཆོག་རོལ་པའི་སྒོམ་བཟླས། བགེགས་མཐར་བྱེད་ཀྱི་སྒོམ་བཟླས། ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས་ཀྱི་སྒོམ་བཟླས། རིག་བྱེད་མའི་གནད་ཡིག་གསལ་བྱེད། རིག་བྱེད་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གཞག །རིག་བྱེད་མའི་ཆོས་སྐོར་དངོས་གྲུབ་འབྱུང་གནས་ཀྱི་གསལ་བྱེད། ཀུ་རུ་ཀུལླེའི་རྗེས་གནང་བྱ་ཚུལ། གུར་མགོན་དཀར་པོའི་ཚེས་སྒྲུབ། ཞལ་དཀར་པོ་ཚེ་འཕེལ་གྱི་བདག་མདུན་སྒྲུབ་ཚུལ། བྲམ་ནག་ཤན་པ་དྲུག་སྐོར་གྱི་བདག་མདུན་རྣམ་གཞག །གྲིབ་མ་ཁྲུས་སེལ་གྱི་ཉམས་ལེན། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་ཉམས་ལེན། རྒྱལ་སྲས་ཀུན་གྱི་འཇུག་ངོགས་ཐེག་ཆེན་སྤྱི་བྱེ་བྲག་ལ་འཇུག་ཚུལ། བཅུ་གཅིག་ཞལ་ལྷ་ལྔའི་རྗེས་གནང༌། ཚེ་དཔག་མེད་ལུང་ལུགས་ཀྱི་ཉམས་ལེན། དབྱངས་ཅན་དཀར་མོའི་རྗེས་གནང༌། ཡང་དག་ཟླ་གམ་དགུ་པའི་སྒོམ་བཟླས། དམ་ཚིག་རྡོ་རྗེའི་སྒྲུབ་ཐབས། འདོད་རྒྱལ་རྗེས་གནང་གསལ་བྱེད། མ་ཎི་བུམ་སྒྲུབ། ཕྱག་རྡོར་རྣམ་སྲས་སྦགས་སྒྲུབ་ངག་འདོན། ས་ཆེན་ཀུན་དགའ་བློ་གྲོས་དང་འཇམ་དབྱངས་དམར་སེར་སྦགས་སྒྲུབ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་བླ་མའི་རྣལ་འབྱོར། འཇམ་མགོན་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར། རྡོ་རྗེ་ཕུར་པ་ལ་བརྟེན་པའི་