R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༤
[A:༣༩༤]བླ་མའི་རྣལ་འབྱོར་ཉམས་ལེན། དུས་འཁོར་བླ་མའི་རྣལ་འབྱོར། གུར་གྱི་མགོན་པོའི་སྒོ་ནས་བླ་མའི་རྣལ་འབྱོར། ནཱ་རོ་མཁའ་སྤྱོད་དང་གཤེད་དམར་གཉིས་ཀྱི་འཁྲིད་འཆད་ཚུལ། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་པའི་ཡིག་བརྒྱའི་ལས་ཚོགས་ཁྲུས་དང་སྦྱིན་སྲེག་གསལ་བྱེད། ལྷ་མོ་འོད་ཟེར་ཅན་མའི་སྦྱིན་སྲེག །བདེ་མཆོག་ནག་པོ་ལུགས་ཀྱི་གཞི་བསྙེན་འབྲིང་པོ་བྱ་ཚུལ། རྟ་མགྲིན་གསང་སྒྲུབ་བསྙེན་ཐབས་སྦྱིན་སྲེག་བཅས། དགེ་མཛད་རྡོ་རྗེའི་བསྙེན་སྒྲུབ་ཀྱི་ལག་ལེན་ཟུར་འདེབས། གསང་འདུས་མི་བསྐྱོད་པའི་བསྙེན་ཐབས་སྦྱིན་སྲེག །འཇིགས་བྱེད་ཀྱི་བསྙེན་ཐབས་སྦྱིན་སྲེག །འབྱུང་འདུལ་བསྙེན་ཐབས། སེང་གེ་སྒྲའི་བསྙེན་ཐབས་སྦྱིན་སྲེག་བཅས། ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་བྱ་ཚུལ། སངས་རྒྱས་མཉམ་སྦྱོར་ཡང་དག་ཟླ་གམ་དགུ་པ་དང་གཅིག་པའི་བསྙེན་སྒྲུབ་སྦྱིན་སྲེག་བཅས། རྡོ་རྗེ་གཞོན་ནུའི་བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་སྦྱིན་སྲེག་རྡོ་རྗེ་གཞོན་ནུའི་ལས་བཞིའི་སྦྱིན་སྲེག །དེའི་སྦྱིན་སྲེག་ཕྲིན་ལས་རྒྱ་མཚོའི་ཉིང་ཁུ། ཀུན་རིག་བསྙེན་སྦྱིན་ལ་ཆོ་ག་དང་བཟླས་གྲངས་ཕྲལ་ཚུལ། ཀུན་རིག་ཐིག་ཚོན་བྱིན་རླབས། དཔལ་ཆེན་ཡང་དག་ཐིག་ཚོན་བྱིན་རླབས། གུར་དྲག་སྦྱིན་སྲེག་བསྙེན་ཐབས་བཅས། ཁྱུང་ཁྲའི་ཞི་བའི་སྦྱིན་སྲེག །རྣམ་འཇོམས་བ་རི་ལུགས་ཀྱི་ཞི་བའི་སྦྱིན་སྲེག །རྣམ་འཇོམས་བིར་ལུགས་ཞི་བའི་སྦྱིན་སྲེག་དང་དེ་གཤམ་བསྟོད་པ་རིང་ཐུང༌། རྣམ་རྒྱལ་སྦྱིན་སྲེག །གུར་ལྷ་བརྒྱད་དྲག་པོའི་སྦྱིན་སྲེག ཕོ་རྐྱང་དྲག་པོའི་སྦྱིན་སྲེག །བྲག་རྫོང་མ་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག །ཚེ་དཔག་མེད་ལྷ་དགུའི་རྒྱས་པའི་སྦྱིན་སྲེག །ཀུ་རུ་ཀུལླེའི་སྦྱིན་སྲེག །ཚོགས་བདག་ཐབས་འཁོར་སྦྱིན་སྲེག་བཅས། སངས་རྒྱས་སྨན་བླའི་བསྙེན་ཡིག །བླ་མ་ཞི་ཁྲོའི་བསྙེན་ཡིག །མི་འཁྲུགས་པའི་བསྙེན་ཐབས་སྦྱིན་སྲེག་བཅས། རྣམ་རྒྱལ་གྱི་རབ་གནས། བདེ་མཆོག་དང་གསང་འདུས་འཕགས་ལུགས་ཀྱི་