R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༥
[A:༣༩༥]རབ་གནས་འབྲིང་པོ། སོ་འབྲང་འཁོར་ལོ་བཅུ་གསུམ་མའི་རབ་གནས་དང་འདོགས་ཚུལ་ཐུན་མོང་མིན་པའི་གསལ་བྱེད། རྡོ་རྗེ་ཕུར་པའི་རབ་གནས་རྒྱས་པ། ཀྱེ་རྡོ་རྗེ་ལ་སྦྱར་བའི་རབ་གནས་རྒྱས་པའི་ཟིན་བྲིས། ཡང་ཀྱེ་རྡོ་རྗེ་སོགས་ལ་སྦྱར་བའི་རབ་གནས་འབྲིང་པོ། །མགོན་པོའི་རབ་གནས་རྒྱས་པའི་ཟིན་བྲིས། ཀུ་རུ་ཀུལླེ་སྔོན་མོའི་ཆར་འབེབས་དང་སད་སྲུང༌། ནག་པོ་ཆེན་པོ་ལ་ཀླུ་ཆེན་བརྒྱད་བསྐོར་གྱི་ཆར་འབེབས། ནག་པོ་ཆེན་པོའི་མན་ངག་རླུང་གནོན། རྡོ་རྗེ་དྲག་པོ་རྩལ་གྱི་ཆར་འབེབས། ཐུགས་སྒྲུབ་དང་དགོངས་འདུས་བཙའ་སད་བསྲུང་པའི་གསལ་བྱེད། བུ་སྟོན་རིན་པོ་ཆེས་མཛད་པའི་ཐོག་དང་སེར་བས་གཡོས་སོགས་བསྲུང་ཐབས་ནག་འགྲོས། གཏད་ཧྲུལ་ཟངས་གླིང་ཟུར་འདེབས་བཀའ་རྒྱ་ཅན་འདོད་གསོལ་བཅས། ཚོགས་བདག་གི་འགབ་འདྲེ་བསེ་གདོང་ཅན་མནན་ཐབས། རྡོ་རྗེ་གཞོན་ནུའི་སྒོ་ནས་ཕུང་སྲི་མནན་པའི་མན་ངག་ལིང་དཔེ་བཅས། ཇག་འཆིང་ར་རུ་མའི་གསལ་བྱེད་བཅས། ལྷ་བརྒྱད་དཀྱིལ་འཁོར་གྱི་བཀྲ་ཤིས། ཨོཾ་ཨཱཿཧཱུཾ་གི་བདུད་རྩི་མཆོད་ཚིག་དོན་ལྡན་བདུད་རྩི། ལྕགས་སྡོང་མའི་རྒྱུན་ཁྱེར་དང་དེ་གཤམ་རྡོ་རྗེ་རབ་བརྟན་མའི་གཏོར་འབུལ་བཅས་ཏེ་སྒྲུབ་དཀྱིལ་བསྒྲིགས་ཆགས་བསྙེན་ཐབས་སྦྱིན་སྲེག་སྐོར་རགས་བསྡུས་ཙམ་མོ།། །།༈ བཞི་པ་དཀར་ཆག་བཅའ་ཡིག་དེབས་དང་དཔྱད་ཁྲའི་སྐོར་ནི། མཁའ་སྤྱོད་བེའུ་བུམ་གྱི་དཀར་ཆག །འབུམ་ཐང་དངུལ་གདུང་རིན་པོ་ཆེའི་དཀར་ཆག །ཐུབ་པ་འོད་ཟེར་འགྱེད་ཀྱི་དཀར་ཆག །ཚོམས་ཆེན་ཉམས་གསོའི་སྐབས་མགོན་ཁང་ཆེན་མོའི་དཀར་ཆག །སྡེ་དགེར་གདུང་རབས་སོགས་བྲིས་ཐང་བཅུ་བདུན་གནང་བའི་དཀར་ཆག །ཕ་སྒར་ཟུར་སྦུག་གཉིས་སུ་བཞུགས་རྒྱུའི་རྟེན་རྣམས་ཀྱི་དཀར་ཆག་དང་འདོད་གསོལ་ཚོང་ཚེ་བརྟན་དབང་ཕྱུག་ནས་མ་ཎི་རྡོ་བསྐོས་བཞེངས་པའི་དཀར་ཆག །ལྷ་ཆེན་སྐས་