R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༦
[A:༣༩༦]རིང་གསར་བཞེངས་སྐབས་ཀྱི་དཀར་ཆག་རྗེ་རྡོ་རྗེ་འཆང་གི་བཀའ་བཞིན་ཞལ་དཀར་ནས་མཛད་པ། གསང་སྔགས་བདེ་ཆེན་གླིང་གི་བཅའ་ཡིག །ཐུབ་བསྟན་ལྷ་ཁང་ཆེན་མོ་བའི་བཅའ་ཡིག །གདན་ས་ཆེན་པོའི་བྱ་བ་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་བཅའ་ཡིག །རྩེ་ཐབ་པའི་བཅའ་ཡིག །ལྷ་ཆེན་གཡོས་ཁང་གི་བཅའ་ཡིག །ཆོས་གྲྭ་ལྷོ་བྱང་ཐུན་མོང་རུང་ཁང་གི་བཅའ་ཡིག །བར་ཐབ་པའི་བཅའ་ཡིག །དམངས་ཐབ་པའི་བཅའ་ཡིག །མགོ་ཟླའི་བཀའ་འགྱུར་བཅའ་ཚེ། རྩེ་གདོང་ཆོས་སྡེ་པའི་བཅའ་ཡིག །བསམ་ཡས་ལྕོག་གྲྭ་པའི་བཅའ་ཡིག །ཆོས་འཁོར་ལྷུན་པོ་པའི་བཅའ་ཡིག །རྒྱུན་སྒྲོགས་གཞི་གྲྭའི་བཅའ་ཡིག །ཧོར་རྩ་བོད་རྩར་སོང་བའི་སྤྱི་འགྲོ། ཡང་དེ་དང་འདྲ་བ་མདོ་ཁམས་ལྷོ་བྱང་ལ་གནང་བ། ལྷ་ཆེན་སྤྱི་བསོད་པར་གནང་བའི་སྤྱི་འགྲོ། རྟ་ནག་ཐུབ་བརྟན་པར་གནང་བའི་སྤྱི་འགྲོ། གླང་ནག་བཀྲ་ཤིས་ཆོས་སྡེར་གནང་བའི་སྤྱི་འགྲོ། བར་ལྡིང་རྫོང་ཆུང་དཔོན་སློབ་བྱམས་པར་གནང་བའི་སྤྱི་འགྲོ། ཤེལ་རྫོང་དགའ་བོ་བར་གནང་བའི་སྤྲིངས་ཡིག །ཁྲི་ཚང་བསམ་འགྲུབ་ཀྱིས་སྐུས་སྤྲིངས་ཡིག །གླིང་ཁ་རིན་ཆེན་ཆོས་དབང་ནས་ཞུས་པའི་སྤྲིངས་ཡིག །སྒ་འདྲའི་གཞི་བདག་ལ་སྤྲིངས་ཡིག །དེའི་ཀ་བ་ལྷོ་མར་སྦྱོར་གནང་གི་ཡི་གེ །ཧོར་ཁང་གསར་པས་ཞུས་པའི་སྤྲིངས་ཡིག །བསམ་ཡས་སྤྱི་པས་ཞུས་པའི་སྤྲིངས་ཡིག །དངོས་གྲུབ་སྡིངས་པའི་ཐང་ཀའི་རྒྱབ་ཡིག །རྣམ་རབ་ཀློང་རྩ་ལྷོ་པས་ཞུས་པའི་སྤྲིངས་ཡིག །དབོན་ཚེ་དབང་རྣམ་རྒྱལ་ལ་གནང་བའི་ཐང་ཀའི་རྒྱབ་ཡིག །འདམ་ཐོག་བསེབ་རོང་རྒྱལ་པོར་སྤྲེངས་ཡིག །རྟ་ནག་སྡིངས་དགའ་བྱ་བཟང་པར་གནོད་བྱེད་ལ་སྤྲིངས་ཡིག །ཁའུ་སྨན་ཆབ་ཀྱི་གཞི་བདག་ལ་སྤྲིངས་ཡིག །མིང་བསྒྱུར་ཅན་གྱི་སྤྲིངས་ཡིག་རྣམས་དང༌། རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་གྲས་ཐང་བཞེངས་ཚུལ། ངོར་ཆེན་རྡོ་རྗེ་འཆང་གི་ལམ་འབྲས་