R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༧
[A:༣༩༧]བཀའ་རྒྱ་ཐིམ་པའི་གཟིགས་སྣང་འབྲི་ཐོ། སྒྲུབ་ཐབས་རྒྱ་མཚོའི་བྲིས་ཐང་བཞེངས་ཚུལ། ཡབ་རྗེའི་བླ་མཆོད་ཞལ་ཐང་བྲི་ཐོ། དེའི་མཆོད་ཐང་རྒྱབ་གཟུངས་བྲི་ཐོ། ཞལ་གཏོར་ཆེན་སྐབས་ཟོར་ལས་པ་རིམ་ཅན་ནས་སྒྲུབ་བསྙེན་གྱི་རྟེན་བླ་རྡོ་བྲམ་གཟུགས་ཀྱི་རི་མོ་ཅན་གྱི་བཞུགས་ཁང་གི་ཐོ། ཆུ་སྤྲེའུ་དངོས་གྲུབ་གླིང་དཀར་བདུད་འབུར་སྐུ་གསར་བཞེངས་ཀྱི་བྱིན་རྟེན་གཟུངས་བཞུགས་ཐོ། ཐར་རྩེ་རྡོ་རྗེ་འཆང་གི་སྐུ་སྤུར་སྙན་ཤལ་གྱི་ཞལ་བྱང༌། གཟིམ་འོད་ནས་མཁའ་སྤྱོད་བེའུ་བུམ་གསར་བཞེངས་སྦྱར་བྱང༌། རྣམ་སྲས་སྐུ་བཞེངས་ཚུལ། པུ་ཏྲར་རྡོར་གོང་ཕུལ་བའི་ཞལ་བྱང༌། ཆུ་སྤྲེའུ་སྒོ་རུམ་ནང་སོ་སྨུག་ཆུང་བཅས་སུ་སྙན་ཤལ་ཞལ་བྱང༌། རྗེ་རྡོ་རྗེ་འཆང་སྐུ་མཆེད་དབུས་ཕེབས་སྐབས་བཅོ་བརྒྱད་དུ་སྦྱོར་གནང་གི་སྙན་ཤལ་ཞལ་བྱང༌། གོས་སྐུ་ཞལ་འབྱེད་སྐབས་ཀྱི་ཐོ་ཆུང༌། ལྷ་ཆེན་མཁན་གསར་བསྐོ་སྐབས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་ཐོ། །ཐུབ་བསྟན་རྣམ་རྒྱལ་གྱི་མཁན་གསར་བསྐོ་སྐབས་ཀྱི་ཐོ། འཇམ་འདོན་བྱ་ཚུལ། དུས་མདོས་སྐབས་འཆམས་སྐུ་འཐོན་ཚུལ། དུས་མདོས་ཉིར་དགུར་མགོན་པོ་འཁོར་བཅས་ཀྱི་སྐུ་འཆམས་མཛད་ཐོ། དུས་མདོས་ཆེན་མོ་གཏོང་ཚུལ། དུས་མདོས་ཟོར་ལས་པའི་ཉེར་མཁོ། གཡའ་ལུང་འཇག་གཤོངས་ཀྱི་སྐུ་འབུམ་ཉམས་གསོའི་གཟུངས་ཐོ། ལྕང་ཅན་གུང་གི་སྙན་ཤལ་ཞལ་བྱང༌། རྣམ་འཕྱང་ཆུ་སྟོད་ས་པཎ་འཁྲུངས་ཚེས་ཐོག་གསེར་ཁྲིར་སྐྱབས་མགོན་སྐུ་གདུང་མཆོག་ནས་རྣམ་འགྲེལ་གཞུང་སྐྱོར་མཛད་སྐབས་འཕན་ཕུལ་བའི་ཞལ་བྱང༌། ཡབ་རྗེའི་དགོངས་རྫོགས་བླ་མཆོད་སྐབས་ཀྱི་ཆོས་སྤྱོད་ཐོ། དཔེ་ཁང་ཆོས་མཛོད་ཆེན་མོའི་དེབས་ཀྱི་མགོ་བརྗོད་དང་སྦྱར་བྱང། ཕྱཱ་ཕྲིན་ནོར་བུ་མཆོག་རྒྱལ་ས་ལུགས་ལྟར་གཏོང་ཚུལ། སྒྲོལ་མ་གཡུལ་མདོས་གཏོང་ཚུལ། ཕུར་སྒྲུབ་ཆེན་མོར་ཉེར་བར་མཁོ་བའི་ཡི་གེ །ལྕགས་འཐེན་མི་འདྲ་བའི་ཁྱད་པར་གྱི་ཡི་གེ །ཧོར་ཟླ་གསུམ་པའི་མགོན་མདོས། བཞི་པའི་དམ་