R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༨
[A:༣༩༨]ཚིག་བསྐང་གསོ། མུས་ཆེན་མཆོད་འབུལ། དྲུག་པའི་ཚེས་བཞི། དྲུག་པའི་བཅོ་ལྔར་ཞལ་དྲོ་ལྷུམས་ཞུགས་དུས་སྟོན་མཆོད་འབུལ། དུས་མདོས་གཟབས་མ། དམག་ཟོར་མའི་མདོས། འདོད་ཁམས་མའི་བསྐང་གསོ་དངོས་གྲུབ་རོལ་མཚོ་དང་རྗེས་འབྲེལ་མདོས་གཞུང༌། ལྕགས་ཡོས་དབོ་ཟླར་ཞག་བཞི་འདོད་ཁམས་རྗེ་ཁོལ་གྱི་མདོས་ཆོག །ཞལ་གྱི་མདོས། པུ་ཏྲ་མིང་སྲིང་གི་གཏོར་ཆེན། ཚོགས་བདག །རྗེ་རྡོ་རྗེ་འཆང་གི་གསུང་རྩོམ་བེཀྩེའི་གཏོར་བཟློག །ཧོར་ཟླ་བཞི་པར་གྲགས་བློ་བའི་དགོངས་རྫོགས་གསང་འདུས་ལས་བྱི་ནས་བཟུང་མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ་འཛུགས་པར་མཛད་དུས་དང༌། ས་གླང་དམར་ཆེན་གཏོར་བཟློག་མཛད་སྐབས། རྡོ་རྗེ་གཞོན་ནུའི་སྨད་ལས་རྗེས་གནང༌། རྡོ་རྗེ་གཞོན་ནུ་དང་གུར་ཞལ་སོགས་ཀྱི་གཏོར་བཟློག་ཆིག་སྒྲུབ་དང་སྒྲུབ་གྲོགས་ཉུང་ངུའི་བྱ་ཚུལ་རྣམས་ཀྱི་དེབས་དང༌། ཕུར་བཟློག་གི་ཛམ་འགྲོས་ཀྱི་ཐོ། རྡོ་རྗེ་གཞོན་ནུའི་བྱིན་དབབ་ཀྱི་རོལ་ཡིག །རྒྱན་མཆོག་དུས་མཆོད་དཔྱད་ཁྲ། དཀར་བསྟོད་གསར་རྩོམ་འཛུགས་གནང་གི་དཔྱད་ཁྲ། བཀའ་འགྱུར་རིན་པོ་ཆེ་ཞག་བཞི་པ་ཚུགས་དུས་ཀྱི་དཔྱད་ཁྲ། རྗེ་རྡོ་རྗེ་འཆང་སྐུ་མཆེད་སྐུ་དོགས་སྐབས་དགེ་འདུན་བསྙེན་བཀུར་གྱི་དཔྱད་ཁྲ། མེ་བྱ་རྟ་ཟླའི་ཉི་ཤུར་གནང་བའི་དཔྱད་ཁྲ་སོགས་ཏེ་དཀར་ཆག་བཅའ་ཡིག་དེབས་དང་དཔྱད་ཁྲའི་སྐོར་རགས་ཙམ་སྨོས་ཟིན་ནས།། ལྔ་པ་བསྐང་མདོས་ཕྲིན་འཆོལ་གཏོར་བཟློག་རུ་མཚོན་སྐོར་ནི། དམ་ཚིག་བསྐང་གསོའི་ངག་འདོན། དམ་ཚིག་བསྐང་གསོའི་སྔོན་འགྲོ་བཤོམ་ཡིག་ཟུར་བཀོལ། མགོན་པོ་བཅུ་བདུན་མའི་བསྐང་བ། མགོན་པོ་གྱི་ལྗངས་ལུགས་བཅུ་བདུན་མའི་གཏོར་བསྔོ། མེས་སྲོང་ཀུན་ཕན་གྱིས་ཞུས་བྲག་རྫོང་བདག་བསྐྱེད་སྔོན་འགྲོའི་ལྷ་བརྒྱད་ཞལ་གཙོ་འཁོར་བཅས་ཀྱི་གཏོར་བསྔོ། སྟོབས་འཕྲོག་དབང་པོར་བསྐང་བཤགས་ཕྲིན་བཅོལ་མདོར་བསྡུས། སྡེ་དགེ་བུ་སྐྱེས་ཀྱིས་ཞུས་གཏོར་ཆོག་ཁྱེར་བདེ། གཏོར་ཆོག་