R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༠
[A:༡༠༠]མགྲིན་ཟླ་རྒྱལ་ལུགས་ཀྱི་རྗེས་གནང༌། རྨོར་ཆེན་གྱི་ཡིག་ཆའི་སྟེང་ནས་དམེ་བརྩེགས་ས་ལུགས་དུད་ཀའི་རྗེས་གནང་ལུང་བཅས། དེའི་ཞལ་གདམས་ས་པཎ་གྱིས་མཛད་པ། བསོད་ནམས་ལྷུན་གྲུབ་པས་མཛད་པའི་གྲིབ་མདོས་བཅས་ཀྱི་ལུང༌། སངས་ཕུན་པའི་ཡིག་ཆའི་སྟེང་ནས་ཁྱུང་ནག་རྗེས་གནང་ལུང་བཅས། ཚར་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེ་དངོས་གྲུབ་རྒྱ་མཚོ་སོགས་ཀྱི་སྟེང་ནས་དཔའ་མགོན་ཞལ་ཁྲ་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པའི་གུར་གྱི་མགོན་པོའི་ཆོས་སྐོར་ཁ་སྐོང་གླེགས་བམ་ཚང་མ་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པོད་བཞི་དང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་བཀའ་འབུམ་པོད་གཅིག་རྣམས་ཀྱི་ལུང་དང༌། གཞན་ཡང་རྨོར་ཆེན་གྱིས་མཛད་པའི་གདུགས་དཀར་བྱད་འགྲོལ་དང༌། སློབ་དཔོན་པདྨས་མཛད་པའི་གསེར་སྐྱེམས་དང༌། མི་ཁ་དགྲ་སྒྱུར། བདག་ཆེན་རྒྱ་གར་བས་མཛད་པའི་བསང་གཞུང་ཐུགས་རྗེ་ཚད་མེད། ཕྲིན་བཅོལ། ཁ་འཛིན། གཡང་འགུགས་སོགས་དང༌། ཨ་མེས་ཞབས་ཀྱིས་མཛད་པའི་ཆོས་སྲུང་སྤྱིའི་བསང་མཆོད། ཨ་རཱ་གས་མཛད་པའི་ཀླུ་གསང་ལ་སོགས་པའི་ལུང་བཅས་གསན་ཏོ། །ཡང་མེ་ཉག་རི་ཁུད་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་མཁས་གྲུབ་དབང་པོའི་དྲུང་ནས། ངག་དབང་ཆོས་གྲགས་དང་ཀུན་དགའ་ཚུལ་ཁྲིམས་བཅས་ཀྱི་ཡིག་ཆའི་སྟེང་ནས་འཇམ་དབྱངས་དང་ས་པཎ་སྦགས་ཏེ་སྒྲུབ་པའི་བྱིན་རླབས་ལུང་བཅས། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་མི་གཡོ་བ་དཀར་པོའི་རྗེས་གནང་ལུང་བཅས། དཀོན་ལྷུན་ཡིག་ཆའི་སྟེང་ནས་གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་གནང་མཚན་བརྒྱའི་ལུང་དང་བཅས་པ་གསན། རོང་པོ་བླ་མ་ཤེས་རབ་ཆོས་བཟང་ལས། ལྷ་བཙུན་རིན་ཆེན་རྒྱ་མཚོའི་ཡིག་ཆའི་སྟེང་