[A:༡༠༡]ནས་འཇིགས་བྱེད་སྔགས་བཏུའི་རྗེས་གནང༌། ངོར་ནས་བརྒྱུད་པ་ལྟར་གྱི་འཇིགས་བྱེད་རྭ་པོད་དང༌། དཔལ་པོད་གཉིས་དང༌། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཞི་བ་ལས་བདུན། རྭ་ལོའི་ཤོག་དྲིལ་གཞིར་བཞག་སྟེ་བྲིས་པའི་རྟོགས་གསུམ་འཁྲུལ་འཁོར་རྟོགས་གསུམ་གྱི་ཆོ་གའི་ཆིངས་ངོར་ཆེན་གྱི་གསུང་བཞིན་རིན་ཆེན་བློ་གྲོས་ཀྱིས་བྲིས་པ། འཁྲུལ་འཁོར་གྱི་མན་ངག་རིན་ཆེན་གྲུབ་ཀྱིས་མཛད་པ་བཅས་ཀྱི་ལུང་དང༌། ཀཿཐོག་དགེ་རྩེའི་མཆོག་སྤྲུལ་རིན་པོ་ཆེ་ཚེ་དབང་མཆོག་གྲུབ་ལས། སློབ་དཔོན་རིན་པོ་ཆེར་གསོལ་འདེབས་ལེའུ་བདུན་མ་དང༌། བར་ཆད་ལམ་སེལ་སོགས་ཀྱི་ལུང་འགའ་ཞིག་དང༌། མཁར་ནང་བླ་མ་རིན་པོ་ཆེ་ལས། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཉེར་མཁོ་འགའ་ཞིག་གི་ལུང་དང༌། ས་ཁོ་བླ་མ་དམ་པ་བསོད་ནམས་ཡེ་ཤེས་ལས། ཐར་པཎ་གྱི་ཡིག་སྟེང་ནས་གསེར་ཆོས་སེང་གདོང་སྔོན་མོའི་རྗེས་གནང་ལུང་བཅས་དང༌། དགོན་ཆེན་བླ་མ་ཀུན་དགའ་བསམ་ཆུང་ལས། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་དམེ་བརྩེགས་ལྗང་ནག་གི་རྗེས་གནང་ལུང་བཅས། འཇིགས་བྱེད་དྲག་པོའི་སྦྱིན་སྲེག་གི་ལུང་སོགས་དང༌། ས་སྐྱ་བླ་མ་ཡེ་ཤེས་ཕུན་ཚོགས་ལས། སངས་ཕུན་པས་མཛད་པའི་མཎྜལ་བཞི་ཆོག་དང༌། ཀུན་བློས་མཛད་པའི་གུར་མགོན་དཀར་པོའི་ཚེ་སྒྲུབ་སོགས་ཀྱི་ལུང་དང༌། བླ་མ་འཇམ་དཔལ་དགེ་ལེགས་ལས། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་གཙུག་ཏོར་འབར་བའི་རྗེས་གནང་བྱད་འགྲོལ་ལུང་དང་བཅས་པ། ཞུ་ཆེན་གྱིས་མཛད་པའི་ཁ་འབར་དཀར་མོའི་འཆི་སླུའི་ལུང་བཅས་དང༌། གཞན་ཡང་ཡིད་ལྷུང་ཨ་འཛི་བླ་མ་ངག་དབང་ཆོས་གྲགས། དགེ་ལུགས་རབ་འབྱམས་པ་བློ་བརྟན། རབ་འབྱམས་པ་ཡེ་ཤེས་མཁས་མཆོག །སྐྱེ་དགུ་དགོན་གྱི་དྭའུ་བླ་མ་ཀུན་དགའ་རབ་