R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༩
[A:༡༠༩]བརྒྱ། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་འདབ་འཁོར་དྲུག་ལྔ་བཅུ་སྐོར། རྟ་དྲེལ་དྲུག་ཙམ་དང༌། གཞན་ཡང་དར། རས། ལིང༌། གོས་ཆེན། སྤུ་ཤུན་སོགས་ཚན་གྲངས་རབ་ཏུ་མང་པོ་ཕུལ་ཞིང༌། ཆོས་ཀྱི་འཁོར་ལོས་སྒྱུར་བ་སྲིད་སྐྱོང་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་མདུན་དུའང༌། མཎྜལ་སྐུ་གསུང་ཐུགས་རྟེན་གསོལ་ཇ་བཞེས་འབྲས་ཀྱི་དོད་དངུལ་ཊམ་སྲང་བརྒྱད། རིན་ཆེན་གཉིས་པ་ཊམ་སྲང་ལྔ་བཅུ། ལྗོན་ཇ་འཁོར་དྲུག་ཉེར་ལྔ། རྟ་དྲེལ་གསུམ་གྱི་གཙོས་དར། རས། ལིང༌། གོས་ཆེན། པགས་པའི་རིགས་སྣ་ཚོགས་སོགས་ཚན་གྲངས་རབ་ཏུ་མང་པོ་ཕུལ་བར། འབུལ་སློག་ཏུུ་ ན་བཟའ་ལ་སོགས་པའི་གནང་ཆ་རྒྱ་ཆེ་བ་དང༌། ཡར་ལམ་གྱི་ལམ་ཡིག །དོས་རྟ། རྩྭ་ཤིང་སོགས་ཕོན་ཆེ་བ། ཇ་ཁྲལ་རྩ་ཆག་སོགས་གཟིགས་སྐྱོང་བླ་ན་མེད་པ་སྩལ། གཞན་ཡང་གླིང་ཁག་སོ་སོའི་བླ་མ་རྣམས་དང༌། དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་སོགས་སུ་འབུལ་བ་གང་ཟབ་དང༌། བཀའི་བློན་ཆེན་རྣམས་དང༌། སྤྱི་ཁྱབ་མཁན་པོ་དང༌། རྩེ་ཤོད་ཀྱི་གསོལ་གཟིམ། མགྲོན་གཉེར་རྣམས་དང༌། ལྷ་ས་བླ་བྲང་གི་ཕྱག་མཛོད་དང༌། གཉེར་ཚང་དང༌། རྩེའི་ཕྱག་མཛོད་དང༌། གཉེར་ཚང་དང༌། མི་དཔོན་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་གོ་བབས་དང་བསྟུན་པའི་མཇལ་རྟེན་དང༌། ཇ་སར་སོགས་གང་ལ་གང་འོས་མཛད་ཅིང༌། ཁྱད་པར་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པ་སྟོན་མཆོག་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་རྣམ་པ་གཉིས་ཀྱི་གཙོ་བྱས་པའི་ཕྱོགས་དེར་རྟེན་གསུམ་ཇི་སྙེད་བཞུགས་པ་རྣམས་ལ་ཞལ་གསེར་གསོལ་བ་དང༌། སྟོང་འཁུན་གྱི་ཡུལ་ནས་འཐོན་པའི་དར་གོས་ཀྱི་ཁྱད་པར་སྣ་ཚོགས་པའི་སྙན་ཤལ་དང༌། ཇོ་ཤཱཀ་རྣམ་གཉིས་ཀྱི་དྲུང་དུ། མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་