R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༤
[A:༣༤]བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོར་གྲགས་པ་ནས་བྱུང་བའི་རྗེས་སུ་གནང་བ་བརྒྱ་དང་ཞེ་གཅིག་ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། བ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ནས་བྱུང་བའི་རྗེས་གནང་དོན་བརྒྱད་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། ཇོ་བོ་ནས་བརྒྱུད་པའི་རྗེས་གནང་དང་མན་ངག་ཐོར་བུ་རྣམས་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྣར་ཐང་བརྒྱ་རྩར་གྲགས་པ་ལས་བྱུང་བའི་རྗེས་གནང་སོ་བཞི་ཞུ་ཆེན་པའི་ཡིག་ཆ་ལྟར་དང༌། མཆིམས་ཀྱིས་བསྒྲིགས་པའི་ཡིག་ཆའི་ལུང༌། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཡིག་ཆའི་སྟེང་ནས་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་རྣམས་དང༌། རྒྱུད་སོ་སོ་ལ། ཐོག་མར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་བདེ་གཤེགས་སྨན་བླ་མཆེད་བདུན་གྱི་རྗེས་གནང་ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སངས་རྒྱས་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་དབུལ་བ་དང་བྲལ་བ། སད་སེར་དང་ལྕེ་འབབ་པའི་འཇིགས་པ་ཞི་བ། ཕོངས་པའི་སྡུག་བསྔལ་དང་བྲལ་བ། ཀླུའི་གནོད་པ་དང་བྲལ་བ། སྐྱེས་པ་དང་བུད་མེད་ཐམས་ཅད་འཕེལ་བ། ཆར་འབེབས་པ་དང་གཅོད་པ། སའི་གཏེར་འབྱིན་པ་རྣམས་དང༌། སྣར་ཐང་པ་བཅོམ་ལྡན་རལ་གྲིས་མཛད་པའི་སྒྲུབ་ཐབས། རོང་སྟོན་གྱིས་མཛད་པའི་བསྟོད་པ་དང་བཅས་པའི་ལུང༌། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཡིག་ཆའི་སྟེང་ནས་སྟོན་མཆོག་ཐུབ་པའི་དབང་པོར་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་རྗེས་གནང་ལུང་དང་བཅས་པ། བྱ་བ་སྤྱིའི་རྒྱུད་ཀྱི་ནང་ཚན་གསང་བ་སྤྱི་རྒྱུད་ལས་གསུངས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་རིགས་