R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༥
[A:༣༥]གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐར་པཎ་གྱི་ཡིག་ཆ་ལྟར་དང༌། ཐར་པཎ་དང་ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་ཆའི་སྟེང་ནས་འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་གནང་ལུང་དང་བཅས་པ། དེའི་རྒྱབ་རྟེན་དུ་སློབ་དཔོན་མ་ཏིས་མཛད་པའི་སྒྲུབ་ཐབས་ཁྲོ་ལོས་བསྒྱུར་བ། བསྟོད་པ་མ་ཏིས་མཛད་པ་གཉན་ལོའི་འགྱུར། ཁྲོ་ལོས་མཛད་པའི་རྗེས་གནང་གི་ཡི་གེ །རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པའི་ལོ་རྒྱུས། དེས་མཛད་པའི་སྒྲུབ་སྐོར་ལ། རྩ་བའི་སྒྲུབ་ཐབས་ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། རྩོད་པ་བྱ་ཐབས། མ་ཤ་ལ་བརྟེན་པའི་ལས་སྦྱོར་རྣམས་ཀྱི་ལུང་དང༌། ཕ་དམ་པ་ནས་བརྒྱུད་པའི་འཇམ་དཔལ་སྨྲ་སེང་གི་སྐོར་ལ། འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་ཀ་མ་ལ་ཤཱི་ལས་མཛད་པ། སྒྲུབ་ཐམས་དམ་པ་སངས་རྒྱས་ཀྱིས་མཛད་པ། བསྟོད་པ་ཆོས་དབྱིངས་རྣམ་དག་མ། དབྱངས་ཅན་མའི་བསྟོད་པ་དུས་གསུམ་བདེ་གཤེགས་མ་ཤེས་རབ་འཕེལ་བའི་དམིགས་པ། འཇམ་དཔལ་དམར་པོའི་གསུང་གི་རྫོགས་རིམ། འཇམ་དཔལ་གྱི་ཞལ་མཐོང་བའི་ཐབས། ཤེས་རབ་འཕེལ་བ་དང༌། དབང་དུ་བྱ་བའི་ཐབས། མུ་དྲཱ་དབང་དུ་བྱ་བ་མཛེས་མ་རྒྱན་འཁོར། གཞན་གྱི་ངག་བརྐུ་བ། ཕ་རོལ་གྱི་ཤེས་རབ་འཕྲོག་པ། མངོན་ཤེས་སྒྲུབ་པ། རྐང་མགྱོགས་སྒྲུབ་པ། མིག་རྣོ་བ། སྨན་གྱི་ཐུན་ཚད་དང༌། རལ་གྲིའི་རྒྱུ་དང༌། རིལ་བུའི་དབྱིབས་དང༌། ཁ་དོག་གཟའ་སྐར་དང་བཅས་པ་བསྟན་པ། རིལ་བུའི་གདན་གྱི་འཁོར་ལོའི་རྣམ་གཞག །རྗེས་གནང་གི་ཆོ་ག །སྒྲུབ་ཐབས་དང་རྗེས་གནང་གི་མཎྜལ་གྱི་རྣམ་གཞག །སྒྲུབ་པའི་ཚད་དང་བླང་དོར་བསྟན་པ། སཱཙྪ་དཀར་ནག་གི་ལས་སྦྱོར། དབང་