R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༦
[A:༣༦]སྡུད་ཀྱི་འཁོར་ལོ་འབྲི་ཚུལ་གྱི་གསལ་བྱེད་རྣམས་ཀྱི་ལུང༌། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དུ་གཏོགས་པ་སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དབང་བསྐུར་བ་འཇམ་མགོན་ཀུན་བློ་ཉིད་ཀྱིས་མཛད་པའི་དཀྱིལ་ཆོག་ནག་འགྲོས་མའི་སྟེང་ནས་ལུང་དང་བཅས་པ། གཟའ་ཡུམ་ལྷ་བཅུ་གཉིས་ཁོར་ཡུག་ཏུ་རྒྱལ་ཆེན་བཞི་སོགས་ཡོད་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ས་པཎ་གྱིས་མཛད་པའི་མངོན་རྟོགས་དང༌། དཀྱིལ་ཆོག་རྗེ་བཙུན་གྱིས་མཛད་པའི་ཨ་ར་པ་ཙ་ལྷ་ལྔའི་དཀྱིལ་ཆོག་ནས་ཁ་བསྐངས་ཏེ་དབང་བསྐུར་བ་དང༌། ཞྭ་ལུ་པའི་སློབ་དཔོན་དྲུག་གིས་ལྷན་ཅིག་ཏུ་བརྩམས་པའི་སྒྲུབ་དཀྱིལ་དང༌། ཤཱཀྱ་དཔལ་གྱི་སྒྲུབ་དཀྱིལ་སོགས་ཀྱི་སྟེང་ནས་གདུགས་དཀར་ཉེར་བདུན་མའི་དབང༌། འཕགས་པ་ཀུན་ནས་སྒོར་འཇུག་པ་འོད་ཟེར་གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་དབང་བསྐུར་བ་ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་པས་མཛད་པའི་ཆོག་ཁྲིགས་རིན་ཆེན་བསམ་འཕེལ་གྱི་སྟེང་ནས་ཡིག་ཆའི་ལུང་དང་བཅས་པ། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་པ་དང༌། མཆོད་རྟེན་བཞེངས་པའི་ཆོ་གའི་ལག་ལེན་ཁྲིགས་ཆགས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། མཆོད་རྟེན་བཞེངས་ཚུལ་དང༌། སྲོག་ཤིང་གཞུག་ཆོག་བཅས་མཁྱེན་བརྩེས་མཛད་པ། སྲོག་ཤིང་བརྟན་ཆོག་ཉག་རེ་གྲགས་པ་རིན་ཆེན་གྱིས་མཛད་པ། མཆོད་རྟེན་གྱི་ཐིག་རྩ་གནས་གསར་པ་ཀུན་དགའ་ལེགས་འབྱུང་གིས་མཛད་པ། རིན་ཆེན་བསོད་ནམས་མཆོག་གྲུབ་པས་མཛད་པའི་དྲི་མེད་རྣམ་གཉིས་ཀྱི་ཆོ་ག་ཟུང་འབྲེལ་དང༌། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ། འོད་ཟེར་དྲི་མེད་ཀྱི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་རྣམས་ཀྱི་ལུང༌། དེ་བཞིན་གཤེགས་པའི་