R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༧
[A:༣༧]རིགས་ཀྱི་ཁྲོ་བོ་མི་གཡོ་བ་དཀར་པོའི་སྐོར་ལ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ། དེའི་སྒྲུབ་ཐབས་ཡོན་ཏན་ཁྲིས་མཛད་པ། མི་གཡོ་བའི་ཞལ་གདམས་གསུམ། མི་གཡོ་བའི་བྱིན་རླབས་ལས་བྱུང་བའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ཉམས་ལེན་ཡོན་ཏན་ཁྲིས་མཛད་པ། དེས་མཛད་པའི་བསྟོད་པ་རྣམས་ཀྱི་ལུང༌། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྷ་དགུའི་དབང་བསྐུར་བ་ཐར་པཎ་གྱི་ཡིག་ཆ་དང༌། སངས་ཕུན་པའི་ཡི་གེ་ལྟར་དང༌། པདྨའི་རིག་ཀྱི་བདག་པོ་འཕགས་པ་བཅུ་གཅིག་ཞལ་གཙོ་རྐྱང་གི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། དེ་ལ་བརྟེན་པའི་སྨྱུང་གནས་ཀྱི་ཆོ་ག་རྨོར་ཆེན་གྱིས་མཛད་པ། བྱ་བཏང་ཀུན་དགའ་མཆོག་ལྡན་གྱིས་མཛད་པའི་སྨྱུང་ཆོག །ངག་དབང་བརྟན་རྡོར་གྱིས་མཛད་པའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་སྤྲོས་བཅས་དང་སྤྲོས་མེད་ཀྱི་འཕོ་བ་གདབ་ཚུལ་བརྒྱུད་འདེབས་དང་བཅས་པ། ཚེམ་བུ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བླ་མ་དམ་པས་མཛད་པ། པདྨའི་ཡུམ་སྒྲོལ་མ་དཀར་མོའི་སྐོར་ལ། དཀོན་མཆོག་ལྷུན་གྲུབ་ཡིག་སྟེང་ནས་སྒྲོལ་དཀར་རྗེས་གནང༌། མཁྱེན་བརྩེའི་ཡིག་ཆའི་སྟེང་ནས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཚར་ཆེན་གྱིས་མཛད་པའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་སྙིང་པོ་བསྡུས་པ། དེའི་ལྷན་ཐབས་མཁྱེན་བརྩེས་མཛད་པ་བཅས་ཀྱི་སྟེང་ནས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་ཚེ་ཁྲིད་ཞག་བརྒྱད་ཀྱི་བར་དུ་གསན་ནས། རྒྱབ་རྟེན་ལུང་ལ། སྒྲོལ་དཀར་གྱི་ལོ་རྒྱུས། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་སྒྲོལ་དཀར་སྒྲུབ་ཐབས་བ་རིའི་འགྱུར། སྒྲོལ་དཀར་གྱི་བུམ་ཆོག་