[A:༣༨]གཏོར་མ་སྲུང་འཁོར་རྣམས་ཀྱི་ཡི་གེ །བར་ཆད་ཞི་བར་བྱེད་པའི་ཡི་གེ །སློབ་དཔོན་པདྨ་ནག་པོས་མཛད་པའི་བྱད་འགྲོལ་གྱི་ཡི་གེ་བ་རིའི་འགྱུར། སྒྲོལ་མའི་སྤྲུལ་པ་ཅེ་སྤྱང་སྔོན་མོའི་ལམ་སྲུང༌། དེའི་གསལ་བྱེད། སྒྲོལ་དཀར་བུམ་ཆོག་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། སྒྲོལ་དཀར་མངོན་རྟོགས་རྗེས་གནང་དང་བཅས་པ་སངས་རྒྱས་རིན་ཆེན་གྱིས་མཛད་པ། སྒྲོལ་དཀར་རྗེས་གནང་མཁྱེན་བརྩེས་མཛད་པ། དེས་མཛད་པའི་ཁྲིད་ཀྱི་ཟིན་བྲིས་དང༌། སྦྱིན་སྲེག་གི་ཆོ་ག་ཚེ་དང་བསོད་ནམས་ཉི་མ་བདུན་འབར། སྒྲོལ་དཀར་སྒྲུབ་ཐབས་དབང་ཕྱུག་རབ་བརྟན་པས་མཛད་པ་རྣམས་ཀྱི་ལུང༌། ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཡིག་རྙིང་དང༌། རྗེས་གནང་གི་ཆིངས་ངག་དབང་ཆོས་གྲགས་པས་མཛད་པའི་ཡིག་སྟེང་ནས་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལུང་བཅས། རྨོར་ཆེན་གྱི་ཡིག་ཆ་དང༌། དེའི་གསལ་བྱེད་འཇམ་མགོན་ཀུན་བློ་ཉིད་ཀྱིས་མཛད་པ་བཅས་ཀྱི་སྟེང་ནས་ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལུང་བཅས། པདྨའི་རིགས་ཀྱི་ཁྲོ་བོའི་སྐོར་ལ། རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས། ཐུན་མོང་གི་ལས་ཚོགས་ནད་པ་གསོ་བ། སྟེང་གདོན་གཟིར་བ། ནད་གདོན་སྲུང་བ། སེར་བ་སྲུང་བ། ཕྱིར་ཟློག་དང་བཅས་པ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་མཛད་པ། རྗེས་གནང་བྱ་ཚུལ་ཡིག་རྙིང་རྣམས་ཀྱི་ལུང༌། བྱ་རྒྱུད་རྡོ་རྗེའི་རིགས་ཀྱི་གཙོ་བོ་རྡོ་རྗེ་མི་འཁྲུགས་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་དབང་བསྐུར་བ་དང༌། རྡོ་རྗེའི་རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་