R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༩
[A:༣༩]གནང་ངག་ཆོས་པའི་ཡིག་ཆ་ལྟར་དང༌། རྡོ་རྗེའི་རིགས་ཀྱི་ཕོ་ཉར་གཏོགས་པ་དམེ་བརྩེགས་དུད་ཀའི་རྗེས་གནང་བྱམས་པ་བཀྲ་ཤིས་ལྷུན་གྲུབ་པ་དང༌། རྨོར་ཆེན་དང༌། ངག་དབང་ཆོས་གྲགས་བཅས་སོ་སོའི་ཡིག་ཆའི་སྟེང་ནས་གསན་ཏེ། དམེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ས་པཎ་གྱིས་མཛད་པའི་ལུང༌། ཇོ་བོ་ལུགས་ཀྱི་དམེ་བརྩེགས་ལྗང་ནག་གི་ལས་ཚོགས་ནད་གྲིབ་སྲུང་བ། ལམ་གྲིབ་སྲུང་བ། སྨྱོན་པ་འདུལ་བ། སེར་བ་སྲུང་བ། རིམས་ནད་སྲུང་བ། ཕྱུགས་གོད་སྲུང་བ། མི་ལོ་ནད་ཅན་གསོ་བ། ར་ལུག་ལ་སྤྱང་ཀི་སྲུང་བ། འབྲས་ཕོལ་ལྷོག་པ་གསོ་བ། ནད་པའི་སྔས་སྲུང་བ། ཞིང་ལ་འབུ་སྲིན་སྲུང་བ། བང་མཛོད་དུ་འགོང་པོ་ཞུགས་པ་སྲུང་བ། ནོར་ཕྱུགས་ལ་འགོང་པོ་རྗེས་སུ་འབྲང་བ་སྲེག་པ། དམེ་གྲིབ་སྲུང་བའི་ཐབས་ལོ་རྒྱུས་དང་བཅས་པའི་ལུང༌། བྱ་རྒྱུད་ནོར་ཅན་གྱི་རིགས་ལ་ཇོ་ལུགས་ཛཾ་དཀར་འབྲུག་ཞོན་ལྷ་ལྔའི་རྗེས་གནང་ཤེའུ་ལོ་ཙཱ་དང༌། ཀུན་བློ་ཉིད་ཀྱིས་མཛད་པའི་ཡི་གེ་ལྟར་གསན་ནས། རྒྱབ་རྟེན་དུ་ཕྱི་ཆུ་སྦྱིན་ལ་བརྟེན་པ། ནང་གཏོར་མ་ལ་བརྟེན་པ། གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ་རྣམས་ཇོ་བོས་མཛད་པ། ཛམྦྷ་ལའི་ལོ་རྒྱུས། རྗེས་གནང་གི་ཡི་གེ །ཇོ་བོས་མཛད་པའི་བསྟོད་པ། ཤེའུ་ལོ་ཙཱ་བས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། རྗེ་རང་གིས་མཛད་པའི་རྗེས་གནང་དང་བཅས་པ་རྣམས་ཀྱི་ལུང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང་སྤྲོ་བ་ལྔ་དང་བཅས་པ་དཀོན་ལྷུན་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། དེའི་སྒྲུབ་ཐབས་བུ་སྟོན་གྱིས་མཛད་པའི་ལུང༌། རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་ཀྱི་དེ་