[A:༤༠]བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། རྗེ་བཙུན་རིན་པོ་ཆེ་དང་གུ་གེ་པཎ་ཆེན་གྱིས་མཛད་པའི་མངོན་དཀྱིལ། ཐར་པཎ་གྱི་གསལ་བྱེད། སངས་ཕུན་པའི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་དབང་བསྐུར་བ་དང༌། རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་ཞེ་སྡང་ཅན་རྗེས་སུ་བཟུང་བ་དུམ་བུ་གཉིས་པའི་བཤད་རྒྱུད་ཁམས་གསུམ་རྣམ་རྒྱལ་གྱི་རྟོག་པ་ཤེས་རབ་གཙོ་བོར་བཏོན་པ་ལས་འཕྲོས་པའི་ངན་སོང་སྦྱོང་རྒྱུད་ལས་གསུངས་པའི་ཀུན་རིག་རྩ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ངོར་ཆེན་རྡོ་རྗེ་འཆང་གི་ཡིག་ཆ་རྣམས་དང༌། དཀོན་ལྷུན་གྱི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་དབང་བསྐུར་བ་དང༌། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ངོར་ཆེན་རྡོ་རྗེ་འཆང་གི་ཡིག་ཆ་རྣམས་དང༌། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་དབང་བསྐུར་བ་དང༌། གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཀུན་མཁྱེན་ཡིག་ཆ་རྣམས་དང༌། རྗེ་རང་གིས་མཛད་པའི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་དབང་བསྐུར་བ་དང༌། ཀུན་མཁྱེན་བསོད་ནམས་སེང་གེ་དང༌། སངས་རྒྱས་ཡེ་ཤེས་ཀྱི་ཡིག་ཆའི་སྟེང་ནས་གསང་འདུས་སྤྱན་རས་གཟིགས་ལྷ་བཅུ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཕ་རྒྱུད་ཞེ་སྡང་ཅན་གཙོ་བོར་འདུལ་བའི་གཤེད་སྐོར་ལ། ངོར་ཆེན་རྡོ་རྗེ་འཆང་གི་སྒྲུབ་དཀྱིལ་དང༌། ཤར་ཆེན་བྱམས་པ་ཀུན་བཀྲས་པའི་དཀྱིལ་ཆོག་ནག་འགྲོས། ཐར་པཎ་གྱི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་གཤེད་དམར་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་འགྲོ་བས། འཇམ་