[A:༤༡]དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་དང༌། བསྐྱེད་རིམ་རྣམ་བཤད་སོགས་ཀྱི་སྟེང་ནས་གཤེད་དམར་སྤྲོས་མེད་ཀྱི་ཉམས་ཁྲིད་ཞིབ་རྒྱས་དང༌། མཁྱེན་བརྩེའི་ཁྲིད་ཡིག་དང་བསྐྱེད་རིམ་རྣམ་བཤད་བཅས་ཀྱི་ལུང༌། རྭ་ལོ་ཙཱ་བའི་སྒྲུབ་དཀྱིལ། དེའི་གསལ་བྱེད་ཚར་ཆེན་གྱིས་མཛད་པ། མཁྱེན་བརྩེས་མཛད་པའི་ངག་འདོན་ཁྲིགས་ཆགས་རྣམས་ཀྱི་སྟེང་ནས་འཇིག་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། མཁྱེན་བརྩེས་མཛད་པའི་ལས་གཤིན་གྱི་སྐོང་བ། དེའི་སྐོང་རྫས་བྱིན་རླབས་བསླབ་གསུམ་རྒྱལ་མཚན་གྱིས་མཛད་པ་བཅས་ཀྱི་ལུང༌། མ་རྒྱུད་ཀྱི་སྐོར་ལ། ཨ་མེས་ཞབས་ཀྱིས་མཛད་པའི་སྒྲུབ་དཀྱིལ་དང༌། སྔགས་འཆང་ཆེན་མོའི་མཚམས་སྦྱོར་རྣམས་ཀྱི་སྟེང་ནས་བདེ་མཆོག་ནག་པོ་ལུགས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཨ་མེས་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་གི་ལུང༌། དཔལ་ལྡན་དོན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་ལུང་བཅས། ངག་ཆོས་ཀྱི་ཡིག་ཆའི་སྟེང་ནས་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་ལུང་བཅས། སྔགས་འཆང་ཀུན་རིན་གྱི་ཡིག་སྟེང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་ཏུ་མེད་པའི་བྱིན་རླབས་ལུང་བཅས། པཎ་ཆེན་ཨཱ་ཙརྻ་དམར་པོས་བླ་མ་ས་ཆེན་ལ་གནང་བའི་མཁའ་ལྡིང་གསེར་མིག་འཁྱིལ་བ་འབྱུང་པོ་འུར་འདེད་ཀྱི་སྐོར་ལ། ཤར་འབུམ་ཆུ་བ་དཔལ་ལྡན་གྲགས་པས་མཛད་པའི་ལོ་རྒྱུས། བསྙེན་པ། སྒྲུབ་པ། ལས་སྦྱོར་ལ་ཁྱད་པར་གྱི་ལས་སྦྱོར། སེར་བ་དང་ཆར་གཅོད་པ། མིད་འབྱར་འཆོས་པ། དུག་སྲུང་བ། དུག་འདྲེད། སྲིའུ་